མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་གིས། མང་ཚོགས་ལ་བརྩེ་བ་ཟབ་མོ་བཅངས་ནས་ལས་དོན་དངོས་སྒྲུབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-17 13:57:57

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ།  མེ་ཏོག་རྫོང་གི་གྲོང་སྡོད་ལས་དོན་རུ་ཁག་ཁག་བཅའ་སྡོད་བྱས་ཚུན།  “བྱ་བ་དངོས་སྒྲུབ་པ་དང་། དཀའ་ངལ་སེལ་བ།  བྱ་བ་ཡག་པོ་སྒྲུབ་པ”བཅས་བྱེད་རྒྱུ་དེ་སྔ་ཕྱི་བར་གསུམ་དུ་དུས་རབས་གསར་པའི་གྲོང་སྡོད་ལས་དོན་གྱི“གཙོ་གནད་ལས་འགན་ཁག་བདུན”དོན་འཁྱོལ་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དང་།  ལས་བྱེད་པ་དང་མང་ཚོགས་དབར་གྱི་འབྲེལ་བ་ལེགས་སུ་གཏོང་བའི་འབྲེལ་ཟམ་དང་འབྲེལ་ཐག  ཏང་དང་སྲིད་གཞུང་གི་དབང་གྲགས་འཛུགས་པའི་ཐབས་ལམ་གལ་ཆེན་བཅས་སུ་བརྩིས་ཏེ་བརྩེ་བ་ཟབ་མོ་བཅངས་ནས་དམངས་ཆེད་དོན་དངོས་ཧུར་ཐག་སྒྲུབ་པས་མང་ཚོགས་ཀྱི་བསྔགས་བརྗོད་ཆེན་པོ་ཐོབ་པ་རེད།

སྒྲོག་འགྲེལ་ཡག་པོ་བྱས་ཏེ་སྣེ་ཁྲིད་ལ་ཤུགས་སྣོན་བརྒྱབ་ཅིང་།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་ཞིང་དུད་དང་ཞིང་ནང་དང་མུ་ཁར་བསྐྱོད་དེ་ནག་པང་གསར་འགྱུར་དང་།  སྦྱར་ཡིག འགྲེམས་པང་། དཔེ་མཚོན་གྱོད་དཔེ་སྟོན་པ་སོགས་ཀྱི་བྱ་ཐབས་སྤྱད་དེ།  ཏང་གི་བཅའ་ཁྲིམས་ཁྲིམས་སྲོལ་ཁག་དྲིལ་བསྒྲགས་ནན་ཏན་བྱས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན།  དེ་བཞིན་དམངས་ཕན་དམངས་ཕྱུག་སྲིད་ཇུས་ཁག་སྒྲོག་འགྲེལ་ནན་ཏན་བྱས་པ་རེད། མིག་སྔའི་བར།  རིགས་ཁག་གི་སྲིད་ཇུས་སྒྲོག་འགྲེལ་དང་འཆད་འགྲེལ་ཚོགས་འདུ་ཁྱོན་ཐེངས་516ལྷག་ཙམ་འཚོགས་པར་སློབ་གསོ་ཐེབས་པའི་མང་ཚོགས་མི་ཐེངས་ཁྲི་1.74ལྷག་ཙམ་ཟིན་པ་དང་དྲིལ་བསྒྲགས་དཔྱད་གཞི་1924ལྷག་ཙམ་སྤྲད་པ་རེད།

ཇུས་འགོད་ཞིབ་ཚགས་བྱས་ཏེ་དབུལ་སྒྲོལ་ལ་རོགས་སྐུལ་བྱས་ཤིང་།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་དུས་རྒྱུན་དུ་དུད་ཚང་དབུལ་པོར་བསྐྱོད་དེ་འཚོ་བའི་གནས་ཚུལ་ཤེས་རྟོགས་དང་།  ཆ་སྒྲིག་རོགས་སྐྱོར་ཧུར་ཐག རོགས་སྐྱོར་འཆར་གཞི་བཟོ་བ།  དུད་ཚང་དབུལ་པོ་དབུལ་སྒྲོལ་བྱེད་རོགས་བཅས་བྱས་པ་དང་།  མང་ཚོགས་ཀྱི་དགོས་གལ་ཆེ་ཤོས་དང་ཆེས་ཁ་ཚ་དགོས་གཏུགས་ཀྱི་གནད་དོན་ལ་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་ནས་རིགས་ཁག་གི་མ་དངུལ་བརྩོན་ལེན་བྱས་ཡོད།  དེ་དང་ཆབས་ཅིག་རང་ངོས་ཀྱི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ཏེ་ཐབས་ལམ་ཁག་ནས་དབུལ་སྐྱོར་རྣམ་གྲངས་3བརྩོན་ལེན་བྱས་པར་མ་དངུལ་སྒོར་ཁྲི་11.1ཟིན་པ་དང་།  མང་ཚོགས་ཁྲོད་ཐོན་པའི་དཀའ་གནད་དང་གནད་དོན་146གསེད་བཀྲོལ་བྱས་པ།  དཀའ་ངལ་དང་གནད་དོན་103ཐག་གཅོད་བྱས་པ།  རིགས་ཁག་གི་རྩལ་ནུས་གསོ་སྦྱོང་ཐེངས་21བྱས་པ་རེད།

ཤེས་རྟོགས་ཞིབ་ཕྲ་བྱས་ཏེ་འགལ་ཟླ་བསལ་ཞིང་།  གྲོང་སྡོད་ལས་དོན་རུ་ཁག་ཁག་གིས་བརྟན་ལྷིང་ནི་ཐམས་ཅད་ལས་ལྷག་པའི་བསམ་བློ་བརྟན་པོ་འཛུགས་པ་དང་།  སྔ་ཕྱི་བར་གསུམ་དུ་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་དང་འགལ་ཟླ་དང་རྩོད་གཞི་སེལ་རྒྱུ་གྲོང་སྡོད་ལས་དོན་གྱི་གལ་ཆེན་ནང་གི་འགངས་ཆེར་བརྩིས་ནས་འགལ་ཟླ་དང་རྩོད་གཞིའི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་གྲལ་བཤེར་དང་སེལ་ཤུགས་ཆེ་རུ་བཏང་ཡོད།  མིག་སྔའི་བར་གྲོང་ཚོ“ཨུ་ལྷན་གཉིས”ལ་བརྟན་ལྷིང་སྲུང་སྐྱོང་ལས་དོན་ཇུས་གཞི་དང་འཕྲལ་སྡོམ་སྔོན་ཇུས་133བཟོ་རྒྱུར་གཞོགས་འདེགས་བྱས་པ་དང་རིགས་ཁག་གི་གྲོང་སྲོལ་དམངས་ཆིངས་46ཙམ་འཐུས་སྒོ་ཚང་དུ་བཏང་བ།  རིགས་ཁག་གི་འགལ་ཟླ་དང་རྩོད་གཞི་གྲལ་བཤེར་ཐེངས་600ལྷག་ཙམ་བྱས་པ་དང་གཙོ་གནད་མི་སྣ་མི་ཐེངས་37ལ་དོ་དམ་ཚོད་འཛིན་བྱ་རྒྱུར་གཞོགས་འདེགས་བྱས་པ་བཅས་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།