ལས་འདེམས་ཀྱི་འདུ་ཤེས་བསྒྱུར་ནས་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:15

དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་རྒྱ་ཁྱབ་བྱེད་རྒྱུ་ནི་ལས་ཞུགས་རྒྱ་ཆེར་གཏོང་བ་དང་དམངས་ཕྱུག་མངོན་འགྱུར་ཡོང་བའི་གཞི་རྩའི་བྱ་ཐབས་ཤིག་ཡིན་པ་དེས་སྤྱི་ཚོགས་ཡོངས་ཀྱི་གསར་གཏོད་ལས་གཏོད་ཀྱི་ཐུན་མོང་ངོས་འཛིན་དང་།  བློ་རིག  སྟོབས་ཤུགས་བཅས་རྒྱ་ཁྱབ་ངང་གཅིག་ཏུ་སྒྲིལ་བ་དང་ལྷག་པར་དུ་གཞོན་སྐྱེས་ཚོའི་གསར་གཏོད་ཀྱི་མི་མངོན་པའི་ནུས་པ་དང་ལས་གཏོད་ཀྱི་གསོན་ཤུགས་འཕེལ་བར་བྱེད་པའི་ཐད་དོན་སྙིང་གལ་ཆེན་ལྡན་ཡོད།  “ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དང་།  ལས་ཞུགས་ཡག་ཤོས་ནི་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པ་དེ་ཡིན”རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་བོད་ལྗོངས་སློབ་ཆེན་གྱི་གསར་གཏོད་ལས་གཏོད་ལྟེ་གནས་སུ་བརྟག་ཞིབ་གནང་སྐབས་རྒྱ་ཆེའི་གཞོན་སྐྱེས་ཚོར་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱས་ནས་གཟིགས་སྐྱོང་སྲིད་ཇུས་དག་ལ་བརྟེན་ཏེ་དུས་རབས་ཀྱི་རླབས་རྒྱུན་དང་བསྟུན་ནས“གཉིས་གཏོད”ཁྲོད་ངོ་མཚར་ཆེ་བའི་མི་ཚེའི་མདུན་ལམ་བཟང་པོ་ཞིག་གཏོད་དགོས་པའི་མངག་བཅོལ་ཟབ་མོ་གནང་བ་རེད།

གཞོན་ནུ་ནི་སྤྱི་ཚོགས་ཐོག་གི་གསོན་ཤུགས་དང་གསར་གཏོད་རང་བཞིན་ལྡན་ཤོས་ཀྱི་ཚོགས་སྤྱི་ཞིག་ཡིན་པས་སློབ་ཆེན་སློབ་མ་གཞོན་སྐྱེས་ནི་གསར་གཏོད་ལས་གཏོད་ཀྱི“གསོན་ཤུགས་དམག”ཅིག་ཡིན་པ་གདོན་མི་ཟ།  མིག་སྔར་རང་ལྗོངས་སུ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་རྣམ་པ་ཉིན་བཞིན་ཟབ་ཏུ་འགྲོ་བཞིན་ཡོད་པ་དང་འཕེལ་རྒྱས་ཀྱི་སྒུལ་ནུས་གསར་པ་སྐྱེད་སྲིང་གི་གོམ་སྟབས་རྒྱུན་ཆད་མེད་པར་མགྱོགས་སུ་འགྲོ་བཞིན་ཡོད་པས་རྒྱ་ཆེའི་གཞོན་སྐྱེས་ཚོར་ལས་གཏོད་གོ་སྐབས་ཀྱིས་ཁེངས་པའི་དུས་སྐབས་ཤིག་འཕྲད་ཡོད་པས་སློབ་ཆེན་སློབ་མ་གཞོན་སྐྱེས་སྔར་བས་མང་པོ་ཞིག་གིས་བྱ་སྤྱོད་དངོས་ཀྱི་ཐོག་ནས་གསར་གཏོད་ལས་གཏོད་ལ་དུས་རབས་ཀྱི་ནང་དོན་གསར་པ་བསྣན་དགོས།

དེ་དང་ཕྱོགས་མཚུངས་ལས་གཏོད་ལམ་བུའི་ཐོག་མ་དངུལ་དང་། ལག་རྩལ། ཉམས་མྱོང་།  གོ་སྐབས་སོགས་ཀྱི་དཀའ་གནད་མང་པོ་འཕྲད་སྐབས“ལྕགས་ཕོར”སོགས་སྲོལ་རྒྱུན་གྱི་ལས་འདེམས་འདུ་ཤེས་ཀྱི་ཤུགས་རྐྱེན་ཐེབས་ནས་སློབ་ཆེན་སློབ་མ་གཞོན་སྐྱེས་མང་པོར་ལས་ཞུགས་ཀྱི་འདུ་ཤེས་རྗེས་སུ་ལུས་པ་དང་གསར་གཏོད་ལས་གཏོད་ཀྱི་སྒུལ་ཤུགས་དང་ཡིད་ཆེས་མི་འདང་བ་སོགས་ཀྱི་གནད་དོན་ལྷགས་ཡོད།  རྒྱ་ཆེའི་གཞོན་སྐྱེས་ཚོར་ལས་འདེམས་ཀྱི་འདུ་ཤེས་བསྒྱུར་རྒྱུར་ཁྲིད་སྟོན་དང་རང་བརྟེན་གསར་གཏོད་ལས་གཏོད་ཀྱི་འདུ་ཤེས་དང་ནུས་པ་སྐྱེད་སྲིང་བྱས་ཏེ“གཉིས་གཏོད”འདི་ཉིད་གཞོན་སྐྱེས་ཚོའི་མི་ཚེའི་ཕུགས་བསམ་མངོན་འགྱུར་དང་

(པར་ངོས་བཞི་པར་གཟིགས)

(པར་ངོས་དང་པོར་མཐུད)  འཇོན་ཐང་ངོམ་ས་ཡག་པོ་ཞིག་ཏུ་འགྱུར་བར་བྱེད་པ་ནི་དུས་རབས་གསར་པར་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྔར་བས་སྐུལ་མ་གཏོང་བའི་ཞིབ་འཇུག་བྱ་གཞི་གལ་ཆེན་ཞིག་རེད།

སློབ་ཆེན་སློབ་མ་གཞོན་སྐྱེས་ཀྱི་ལས་འདེམས་འདུ་ཤེས་སྒྱུར་བ་དང་།  གསར་གཏོད་ལས་གཏོད་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་པ།  སྲིད་ཇུས་དོན་འཁྱོལ་ལ་དམ་འཛིན་ཡག་པོ་བྱེད་པ་བཅས་ཀྱིས་ལས་གཏོད་བྱེད་མཁན་གཞོན་སྐྱེས་ཚོར་ཕུགས་བསམ་མངོན་འགྱུར་ཡོང་བའི“ཡངས་ཤིང་རྒྱ་ཆེ་བའི་ལམ”ཞིག་གཏོད་དགོས།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཀྲུང་དབྱང་དང་རང་སྐྱོང་ལྗོངས་ཀྱིས“གཉིས་གཏོད”ལ་རྒྱབ་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་དང་བྱ་ཐབས་རབ་དང་རིམ་པ་དོན་འཁྱོལ་ནན་ཏན་བྱས་ནས་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་མ་ལག་བཙུགས་པ་དང་འཐུས་སྒོ་ཚང་དུ་བཏང་སྟེ་ལས་གཏོད་བྱེད་མཁན་གཞོན་སྐྱེས་ཚོར་མི་ཚེའི་མདུན་ལམ་བཟང་པོ་གཏོད་ཆེད་རོགས་རམ་དེ་བས་མང་བ་བྱས་ནས་ལས་སྟེགས་ཡངས་པོ་ཞིག་གཏོད་དགོས།  ཕྱོགས་གཅིག་ནས་མཐོ་སློབ་སློབ་ཐོན་སློབ་མའི་སྲིད་གཞུང་གི་ལས་ཞུགས་དང་ཁྲོམ་རའི་ལས་ཞུགས་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ལས་ཞུགས་ཀྱི་ལས་གནས་དང་ཕྱོགས་ཡོངས་ཀྱི་སྤྱི་པའི་ལས་ཞུགས་ལ་ཞབས་འདེགས་གང་ལེགས་ཞུ་བ་དང་དུས་མཚུངས་ཆག་ཡང་གཏོང་དགོས་རིགས་ཆག་ཡང་དང་།  ལྷུག་གཏོང་བྱེད་དགོས་རིགས་ལྷུག་གཏོང་།  གཟིགས་སྐྱོང་བྱེད་དགོས་རིགས་ལ་གཟིགས་སྐྱོང་བཅས་བྱེད་པའི་རྩ་དོན་གཞིར་བཟུང་།  བྱ་ཐབས་སྣ་ཚོགས་ལ་བརྟེན་ནས་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ལ་རྒྱབ་སྐྱོར་དང་།  ཀུན་གཏོད་བར་མཐོངས་སོགས་གསར་གཏོད་ལས་གཏོད་ཀྱི་ཞབས་ཞུའི་ལས་སྟེགས་འཛུགས་སྐྲུན་ལ་རྒྱབ་སྐྱོར།  དེ་བས་གཟིགས་སྐྱོང་ཆེ་བའི་ཁྲལ་བསྡུ་དང་དངུལ་བུན་གཏོང་བའི་སྲིད་ཇུས་ལ་ཞིབ་འཇུག  རིན་མེད་ཀྱི་ས་ཆ་མཁོ་འདོན་དང་ཚད་གཞི་དམའ་རུ་གཏོང་བ།  མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མཁན་ལ་དཀའ་ངལ་དངོས་ཐག་གཅོད་བྱེད་རོགས་ཧུར་ཐག་བཅས་བྱས་ནས་མཐོ་སློབ་སློབ་ཐོན་སློབ་མ་སྔར་བས་མང་བ་ལས་གཏོད་འཕེལ་རྒྱས་ལ་ཞུགས་རྒྱུར་ཡིད་དབང་འགུག་དགོས་པ་དང་།  ཅིག་ཤོས་ནས་གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཞུགས་ཐག་ཉེ་ས་དང་སྟབས་བདེ་ས།  ཕ་ཡུལ་དང་རང་ས་རང་ཡུལ་ནས་ཁ་མི་འབྲལ་བ།  སྒྲུབ་ཐུབ་པ་དང་སྒྲུབ་ཤེས་པ་བཅས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་རང་བརྟེན་ལས་གཏོད་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་དང་དབུལ་སྒྲོལ་འགག་སྒྲོལ་སོགས་ཀྱི་ལས་དོན་དང་ཟུང་འབྲེལ་ནུས་ལྡན་བྱེད་པ་དང་།  མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ས་གནས་མང་ཚོགས་ཀྱི་ལས་ཞུགས་ལ་སྣེ་ཁྲིད་བྱེད་པ་དང་ཟུང་འབྲེལ་བྱས་ནས་ལས་གཏོད་གསར་གཏོད་ཀྱི་ཐོན་ཁུངས་བཟང་སྒྲིག་ལུགས་མཐུན་དང་།  མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་ཁྲིད་སྟོན་བྱས་ཏེ་གསར་གཏོད་ལས་གཏོད་ཀྱི“འཐབ་ས་གཙོ་བོ”གཞི་རིམ་དུ་སྣུར་སྲིང་བྱས་ནས་གསར་གཏོད་ལས་གཏོད་ཀྱི་གྲུབ་འབྲས་ཀྱིས་མང་ཚོགས་སྔར་བས་མང་བར་ཕན་པ་ཐོབ་པ་བྱས་ཏེ་ལས་གཏོད་བར་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་རིང་གྲུབ་འབྲས་ཀྱི་ཐོབ་ཚོར་དེ་བས་མང་བ་ཡོང་བ་དང་མི་ཚེའི་རིན་ཐང་མངོན་འགྱུར་ཡོང་བར་བྱེད་དགོས།

གཞོན་ནུ་སློབ་ཆེན་སློབ་མའི་ལས་འདེམས་འདུ་ཤེས་སྒྱུར་བ་དང་།  ལས་གཏོད་གསར་གཏོད་ཀྱི་སྒུལ་ནུས་གསར་པ་འཕེལ་བར་བྱེད་པ།  སྤྱི་ཚོགས་ཀྱི་ཁོར་ཡུག་བཟང་པོ་གཏོད་པ་བཅས་ཀྱི་སྒོ་ནས་གཞོན་ནུ་ལས་གཏོད་བར་འཕེལ་རྒྱས་ཀྱི་མཐུན་རྐྱེན་སྐྲུན་དགོས།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་གསར་གཏོད་ལས་གཏོད་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་།  གསར་གཏོད་ལས་གཏོད་ཀྱི་རིག་གནས་སྐྱེད་སྲིང་བྱེད་པ།  མི་ཚོར་རྙིང་ཞེན་བག་འཁུམས་ཀྱི་བསམ་བློའི་འདུ་ཤེས་འདོར་བའི་ཁྲིད་སྟོན་བྱེད་པ།  ཕུགས་ཀྱི་འཆར་གཞི་འདིང་བ་བཅས་ཀྱིས་གཞོན་ནུའི་ཚོགས་སྤྱི་མཚོན་བྱེད་དུ་བྱེད་པའི་རྒྱ་ཆེའི་གསར་གཏོད་བྱེད་པོར་ཡངས་ཤིང་རྒྱ་ཆེ་བའི་ལས་སྟེགས་ཤིག་བཏོད་དེ་གསར་གཏོད་བྱེད་པར་མི་མངོན་པའི་སྟོབས་ཤུགས་ཡོད་པ་དང་།  ལས་གཏོད་ལ་སྒུལ་ཤུགས་ཡོད་པ། གསར་གཏོད་ལ་གསོན་ཤུགས་ཡོད་པ་བཅས་བྱེད་དགོས།  དྲིལ་བསྒྲགས་བྱེད་ཤུགས་ཆེ་རུ་གཏོང་བ་དང་དཔེ་མཚོན་གྱི་དཔེ་སྟོན་ནུས་པ་འདོན་སྤེལ་བྱེད་དགོས།  ལས་གཏོད་དཔེ་མཚོན་སྒྲིག་འཛུགས་ཀྱིས་སློབ་གྲྭར་བསྐྱོད་དེ་རང་གི་མཐོང་ཐོས་དྲན་རེག་ཤོད་པ་སོགས་ཀྱི་བྱ་ཐབས་བརྒྱུད་གཞོན་ནུ་སློབ་ཆེན་སློབ་མའི་ལས་ཞུགས་འདུ་ཤེས་སྒྱུར་བ་དང་།  ལས་གཏོད་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ།  ལས་གཏོད་ཀྱི་སྤྲོ་སེམས་འཕེལ་བ་བཅས་ཀྱིས་ལས་གཏོད་བྱེད་མཁན་ཚོར་ལ་རྒྱ་ཡོད་པ་དང་།  གཟི་བརྗིད་ཡོད་པ། སྤོབས་པ་ཡོད་པ་བཅས་བྱེད་དགོས་པ།  ལས་གཏོད་གསར་གཏོད་ཀྱི་སློབ་གསོར་ཤུགས་སྣོན་བརྒྱབ་ནས་ཁྱིམ་བདག་ཚོའི་བསམ་བློར་བཅིངས་འགྲོལ་གཏོང་བ་དང་འདུ་ཤེས་གསར་བརྗེས་ལ་སློབ་གསོ་གཏོང་བ་དང་ཁྲིད་སྟོན་བྱས་ཏེ་ཁྲོམ་ར་བརྒྱུད་ཕྲུ་གུ་ཚོའི་ལས་ཞུགས་ལ་རྒྱབ་སྐྱོར་བྱེད་པ་མ་ཟད།  ལས་གཏོད་བརྒྱུད་ཕུགས་བསམ་མངོན་འགྱུར་ཡོང་བར་བྱས་ནས་སྤྱི་ཚོགས་ཡོངས་སུ་གསར་གཏོད་ལ་སྣང་ཆེན་དང་།  ལས་གཏོད་ཕོད་པ། མི་ཚང་མས་སྒྲུབ་ཐུབ་པ་དང་། མི་ཚང་མས་བྱེད་འདོད་པ།  མི་ཚང་མས་འཇོན་ཐུབ་པ་བཅས་ཀྱི་ཁོར་ཡུག་དང་རྣམ་པ་ཞིག་ཆགས་པར་བྱེད་དགོས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།