ཏིང་ཡེ་ཤན་གྱིས་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:14

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ།  ཚེས་14ཉིན་གྱི་ཕྱི་དྲོ།  རང་སྐྱོང་ལྗོངས་ཏང་ཨུད་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཚང་འཛོམས་གྲོས་ཚོགས་ཐེངས་དང་པོ་འཚོགས་ཤིང་།  ཚོགས་འདུའི་ཐོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ལྷག་དོན་དུ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་།  བློ་མཐུན་ཝང་ཧུའུ་ཉིང་གིས་ཀྲུང་དབྱང་གི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོཌ་ཆུང་གི་ཚང་འཛོམས་གྲོས་ཚོཌ་ཐེངས་དང་པོ་དང་གཉིས་པའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་ཡིག་ཐོག་ནས་བརྒྱུད་བསྒྲཌ་དང་སློབ་སྦྱོང་།  མིག་སྔ་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ལྗོངས་ཡོངས་ཀྱི་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ཞིབ་འཇུག་དང་བཀོད་སྒྲིག་བཅས་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་དང་།  ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི།  ལྗོངས་ཏང་ཨུད་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་བཅས་ཡིན་པའི་ཏིང་ཡེ་ཤན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།  རང་སྐྱོང་ལྗོངས་ཀྱི་ཞིང་ཆེན་དང་དམག་དཔུང་རིམ་པའི་འགོ་ཁྲིད་ཀྲང་ཡུང་ཙེ་དང་ལི་ཝུན་ཕིང་ཚོགས་འདུར་ཕེབས་ཡོད་པ་རེད།

འབྲེལ་ཡོད་ལས་དོན་སྙན་སེང་དང་ཚོགས་ཞུགས་མི་སྣའི་གཏམ་བཤད་གསན་རྗེས་ཏིང་ཡེ་ཤན་གྱིས་དམག་ཞབས་ཐིམ་པའི་མི་སྣའི་ལས་དོན་ཁྱབ་རྒྱ་ཆེ་བ་དང་ཆབ་སྲིད་རང་བཞིན་དང་སྲིད་ཇུས་རང་བཞིན་ཆེ་བས་རྩེ་རིམ་ཇུས་འགོད་ལ་ཤུགས་སྣོན་བརྒྱབ་ནས་འགོ་ཁྲིད་ཀྱི་སྒྲིག་གཞི་དང་འགན་ལེན་མ་ལག་འཐུས་སྒོ་ཚང་དུ་གཏོང་དགོས།  གནད་དོན་ཕྱོགས་སྟོན་དུ་འཛིན་པ་དང་དམིགས་ཚད་ཀྱི་སྟོན་ཕྱོགས་དང་མཐའ་ཚད་ཀྱི་བསམ་ཕྱོགས་མཐའ་འཁྱོངས་ཀྱིས་ཞབས་ཞུ་འགན་ལེན་དང་བསམ་བློའི་སློབ་གསོའི་དབར་གྱི་འབྲེལ་བ་དང་།  སྲིད་ཇུས་དོན་འཁྱོལ་དང་ལས་ཞུགས་ལས་གཏོད་དབར་གྱི་འབྲེལ་བ།  དོ་ཁུར་ཐུགས་ཁུར་དང་དོ་དམ་ཚད་ལྡན་དབར་གྱི་འབྲེལ་བ།  ཁེ་དབང་སྲུང་སྐྱོང་དང་བརྟན་ལྷིང་སྲུང་སྐྱོང་དབར་གྱི་འབྲེལ་བ་བཅས་སྟངས་འཛིན་ཡང་དག་བྱས་ཏེ་ལྗོངས་ཡོངས་ཀྱི་འཕེལ་རྒྱས་དང་བརྟན་ལྷིང་དང་རྒྱལ་སྲུང་དམག་དཔུང་འཛུགས་སྐྱོང་ལ་ཞབས་འདེགས་ཞུ་བའི་སྤྱིའི་དམིགས་ཚད་ལ་གཞིགས་ནས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་དང་ལྗོངས་ཡོངས་ཀྱི་ལས་ཀའི་སྤྱི་ཡོངས་ཀྱི་ཁྲོད་བཞག་སྟེ་སྲིད་ཇུས་དོན་འཁྱོལ་ལ་བརྟེན་ནས་འཕྲོ་ལུས་གནད་དོན་ཐག་གཅོད་དང་།  སྒྱུར་བཅོས་གསར་གཏོད་ལ་བརྟེན་ནས་འགལ་ཟླ་ཐག་གཅོད་ལ་སྐུལ་འདེད་གཏོང་བ།  གནད་དོན་བསལ་ནས་ཕུགས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་བཅས་བྱེད་དགོས།  ལྗོངས་ཡོངས་ཀྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་དང་འགན་ནུས་སྡེ་ཚན་ཁག་གིས་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་ཏང་གིས་ཕྱོགས་ཡོངས་ནས་འགོ་ཁྲིད་མཐའ་འཁྱོངས་བྱས་ཏེ་ཚད་མཐོའི་མཐོང་ཆེན་དང་འགན་འཁྲི་དོན་འཁྱོལ་དང་།  རྨང་གཞི་བརྟན་གཏོང་དང་ནུས་པ་མཐོར་གཏོང་།  དྲིལ་བསྒྲགས་བྱེད་ཤུགས་ཆེར་གཏོང་དང་རྣམ་པ་བཟང་པོ་གཏོད་པ་བཅས་བྱས་ཏེ་དམག་ཞབས་ཐིམ་པའི་དམག་མིའི་ལས་དོན་ལ་དམ་འཛིན་ཡག་པོ་བྱས་ནས་ཕན་འབྲས་ཐོན་པར་བྱེད་དགོས་ཞེས་བསྟན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།