རྒྱལ་ཡོངས་ཀྱི་ལྔ་གཅིག་ངལ་རྩོལ་གཟེངས་རྟགས་ཐོབ་མཁན་པ་སངས་དོན་གྲུབ་ཀྱི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:09

གཞིས་རྩེ་གྲོང་ཁྱེར་དུ་བརྡ་ཆ་བཟོ་སྐྲུན་ཁང་སྟེ་ཇོ་མོ་རིག་གནས་བཟོ་སྐྲུན་ལྟེ་གནས་ཞིག་ཡོད་པ་ནི་པ་སངས་དོན་གྲུབ་ཀྱི་ཀུང་སི་ཨང་བདུན་པ་ཡིན་པ་དང་།  བོད་ལྗོངས་ཇོ་མོ་རིག་གནས་སྨྱར་སྦྱོར་ཚད་ཡོད་ཀུང་སིའི་གྲས་ཤིག་རེད།  ལག་རྩལ་དང་གཉེར་སྐྱོང་དོ་དམ་པ་མང་ཆེ་བ་ནི་ས་གནས་དེ་གའི་ལོ་རབས་80དང་90སྐྱེས་པའི་མཐོ་སློབ་དང་མཐོ་རིམ་ལས་རིགས་སློབ་གྲྭ་ནས་ཐོན་པ་ཤ་སྟག་རེད།  གསར་འགོད་པ་ལས་དོན་ཁང་དུ་བསྐྱོད་སྐབས།  ཀུང་སིའི་ལས་མིས་ཐོན་སྐྱེད་འཕྲུལ་ཆས་དང་སྒྲིག་ཆས་གོ་རིམ་ལྡན་པའི་ངང་སྒྲིག་སྦྱོར་ཚོད་ལྟ་དང་ཐོན་སྐྱེད་ཀྱི་མ་བཅོས་རྒྱུ་ཆ་ལེགས་སྒྲིག་བྱེད་བཞིན་འདུག

པ་སངས་དོན་གྲུབ་ཀྱིས་གཙོ་ཁྲིད་གསར་འཛུགས་བྱས་པའི“གཞིས་རྩེ་གྲོང་ཁྱེར་ཇོ་མོ་གླང་མའི་ཀུན་གཏོད་བར་མཐོངས”གཉེར་ཚུན།  སློབ་ཐོན་སློབ་མ་གསོ་སྦྱོང་བྱས་པ་ཕུད་ཁེ་ལས་མང་པོ་ཞིག་བདེ་བླག་ངང་གསོ་སྦྱོང་བྱས་ཡོད།  པ་སངས་དོན་གྲུབ་ཀྱིས“2016ལོར་ཀུན་གཏོད་བར་མཐོངས་གཉེར་སྐྱོང་བྱས་ཚུན།  དེར་ཞུགས་མཁན་གྱི་ཁེ་ལས་30ལྷག་ཙམ་ཡོད་པར་ཁེ་ལས་5བདེ་བླག་ངང་གསོ་སྦྱོང་ཐུབ་ནས་ངལ་ནུས་དང་རྩིས་པའི་ལས་དོན་ཁང་སོགས་བཙུགས་ཡོད”ཅེས་བརྗོད།

པ་སངས་དོན་གྲུབ་ཀྱིས་གང་ཐུབ་ཅི་ཐུབ་ཀྱིས་སློབ་ཆེན་སློབ་མར་ལས་ཞུགས་ཀྱི་གནད་དོན་ཐག་གཅོད་བྱས་པ་མ་ཟད།  རང་ཉིད་ཀྱི་ལེགས་ཆ་འདོན་སྤེལ་བྱས་ཏེ་གནད་སྨིན་དབུལ་སྐྱོར་གྱི་འབོད་སྐུལ་དང་ལེན་ཧུར་ཐག་ཞུས་ནས་སྤྱི་ཚོགས་ཀྱི་འགན་འཁྲི་རང་འགུལ་ངང་འཁུར་ཡོད།

2007ལོར་པ་སངས་དོན་གྲུབ་ཀྱིས་ལས་གཏོད་ཚོགས་པའི་སྣེ་ཁྲིད་དེ་བོད་ལྗོངས་ཇོ་མོ་གླང་མ་ཞིང་ལས་ཚན་རྩལ་འཕེལ་རྒྱས་ཚད་ཡོད་འགན་འཁྲི་ཀུང་སི་བཙུགས་ཏེ་པ་སྣམ་རྫོང་སྲིད་གཞུང་དང་མཉམ་ལས་ཀྱིས་མུའུ་ཁྲི་ཡི་སྐྱེ་ལྡན་སྔོ་ཚལ་ཏེ་གཞིས་རྩེ་གྲོང་ཁྱེར་གྱི“ཤ་ཚལ་སྒོང་གསུམ”གྱི་འཆར་གཞིའི་པ་སྣམ་རྫོང་དཔའ་རྩལ་ཤང་ལྟེ་བའི་ཁུལ་གྱི་ཐོན་སྐྱེད་རྟེན་གཞི་བཙུགས་པ་རེད།

“ང་ནི་པ་སྣམ་བ་ས་སྐྱེས་རྡོ་སྐྱེས་ཤིག་ཡིན་པས་སྙིང་ཁོང་རུས་པའི་གཏིང་ནས་ཕ་ཡུལ་འཛུགས་སྐྲུན་ཆེད་ལས་དོན་ཅུང་ཟད་བསྒྲུབ་རྒྱུའི་འདུན་པ་ཡོད་པ་མ་ཟད།  རྒྱལ་ཡོངས་སུ་ཞིང་ལས་མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་ལ་སྐུལ་འདེད་གཏོང་བའི་རྒྱབ་ལྗོངས་ཆེན་པོའི་འོག་རྟེན་གཞི་དེས་འཕེལ་རྒྱས་གཏོང་རྒྱུ་ནི་སྒྲིག་ཆས་གསར་པའི་ཞིང་ལས་ཡིན་པས་སྲོལ་རྒྱུན་ཞིང་ལས་ཐོན་སྐྱེད་བྱེད་སྟངས་དང་ལྟ་བར་འགྱུར་ལྡོག་གཏོང་རྒྱུར་ཕན་པ་ཡོད་ལ་ཞིང་འབྲོག་པར་འབབ་འཕར་གཏོད་རོགས་ཀྱང་བྱེད་ཀྱི་ཡོད།  སྔོན་ཆད་རྨོ་ཞིང་མུའུ་རེ་ནས་ལོ་གཅིག་ལ་ཡོང་འབབ་མང་ཤོས་སྒོར་1000ལས་ཡོང་གི་མེད།  ཡིན་ནའང་ད་ལྟ་རྟེན་གཞི་འདི་བསྐྲུན་རྗེས་ཆ་སྙོམས་མུའུ་རེ་ནས་ལོ་གཅིག་ལ་ས་ཞིང་བརྒྱུད་བཤུག་དངུལ་སྒོར་1800ལྷག་ཙམ་ཡོང་གི་ཡོད།  གཞན་ཡང་རྟེན་གཞི་འཛུགས་སྐྲུན་བྱེད་པའི་བརྒྱུད་རིམ་དང་བསྐྲུན་རྗེས་ས་གནས་དེ་གའི་ཞིང་འབྲོག་པས་ལས་ཀར་བསྐྱོད་པ་དང་ངལ་རྩོལ་བྱས་པ་བརྒྱུད་ཡོང་འབབ་དང་།  ལྷག་པར་དུ་ངལ་ནུས་འདོན་མཁན་དང་འཕྲུལ་ཆས་ཆུང་གྲས་བོགས་མར་གཏོང་མཁན་མང་དུ་ཕྱིན་ཡོད”ཅེས་པ་སངས་དོན་གྲུབ་ཀྱིས་ཐོག་མར་སྔོ་ཚལ་རྟེན་གཞི་མཉམ་ལས་བྱས་ཏེ་སྐྲུན་རིང་གི་གནས་ཚུལ་དུས་ད་ལྟའང་སེམས་ལ་གསལ་པོར་དྲན་གྱི་འདུག་ཅེས་བརྗོད།

“སྤྱིའི་རྒྱ་ཁྱོན་མུའུ་1087ལྷག་ཙམ་ཡོད་པའི་རྟེན་གཞི་འདིར་ཁྱོན་བསྡོམས་མ་དངུལ་སྒོར་དུང་ཕྱུར་3.36བཏང་བ་དང་།  བསྐྲུན་རྗེས་ལོ་རེའི་ཐོན་རྫས་རིན་ཐང་སྒོར་ཁྲི་5576ཟིན་རྒྱུ་རེད།  སྐྱེ་ལྡན་སྔོ་ཚལ་གྱི་ཁས་ལེན་བྱུང་བ་བརྒྱུད་སྔོན་དཔག་བྱས་ན་ལོ་རེའི་ཡོང་འབབ་ལྡབ་3ཡན་འཕར་རྒྱུ་རེད།  མིག་སྔར་ཞོར་གཏོགས་ལས་གྲྭ་དང་སྒྲིག་སྦྱོར་ལས་གྲྭ་ཁག་གཅིག་ཕུད་རྨང་གཞིའི་འཛུགས་སྐྲུན་གཞི་རྩའི་ཆ་ནས་ལེགས་གྲུབ་ཟིན་ཡོད།  དྲོད་ཁང་ཆེ་གྲས་དང་དྲོད་ཁང་སོགས་70%ལྷག་ཙམ་བེད་སྤྱོད་གཏོང་འགོ་ཚུགས་པ་མ་ཟད།  རྟེན་གཞི་དེས་ཐོན་སྐྱེད་བྱས་པའི་སྔོ་ཚལ་འདི་ལོའི་ལོ་འགོར་ཁྲོམ་རར་བཏོན་ཡོད”ཅེས་པ་སངས་དོན་གྲུབ་ཀྱིས་ངོ་སྤྲོད་བྱས།

རྟེན་གཞི་དེར་བསྐྱོད་སྐབས། རིག་ལྡན་དྲོད་ཁང་སོགས་མིག་མདུན་དུ་འཆར་ཞིང་།  པ་ཏྲའི་རི་མོ་དང་འདྲ་བའི་ཨར་འདམ་ལམ་ཁ་ཤས་དྲོད་ཁང་སྟར་ཆགས་ཀྱི་ཁྲོད་དུ་བཏིང་ཡོད་པས་ལྟ་ན་སྡུག་པ་ཞིག་འདུག  དྲོད་ཁང་དུ་བསྐྱོད་སྐབས་སྔོ་ཐིང་ཐིང་གི་སུར་པན་དང་། སྔོ་ཚལ།  ཞོག་ཁོག་སོགས་ཀྱི་སྐྱེ་འཚར་ལེགས་པོ་ཡོད་པ་མཐོང་བྱུང་།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།