ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་གིས་ལྷ་སའི་ཉ་གསོ་ཚགས་ཁྱབ་གདལ་གཏོང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:08

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་14ཉིན་གནས་ཚུལ་འབྱོར་གསལ། ཉེ་ཆར།  ལྗོངས་ཞིང་ལས་ཚན་རིག་ཞིབ་འཇུག་ཁང་ཆུ་ཐོན་ཐོན་རྫས་སུའོ་ཡིས་ལྷུན་གྲུབ་ཆུ་དྭངས་ཉ་ལས་ཚད་ཡོད་ཀུང་སི་དང་མལ་གྲོ་གུང་དཀར་རྫོང་ལྷ་ས་ཉི་ཏ་རང་བྱུང་སྣོད་བཅུད་གསར་སྤེལ་ཚད་ཡོད་ཀུང་སི་སོགས་ཆུ་ཐོན་ཐོན་རྫས་གསོ་ཚགས་ར་བ་10ལ་ལྷ་སའི་ཉ་གསོ་ཚགས་ཁྱབ་གདལ་ཐོག་མར་བཏང་བ་དང་།  དཔེ་སྟོན་གསོ་ཚཌ་ར་བའི་རྒྱ་ཁྱོན་མུའུ་3356.7ཟིན་པ་དང་།  རིན་མི་དགོས་པར་ཉ་ཕྲུག་ཁྲི་35སྤྲད་པ་རེད།

བྱེད་ཐབས་དེས་ཉ་པས་ཕྱི་རོལ་ནས་ཉ་ཕྲུག་བཟུང་ཉུང་དུ་ཕྱིན་ནས།  ལྷ་སའི་ཉའི་ཐོན་ཁུངས་སྲུང་སྐྱོང་དང་ཞིང་འབྲོག་པའི་འབབ་འཕར་ཐབས་ལམ་ཡངས་སུ་འགྲོ་རྒྱུར་ནུས་པ་གལ་ཆེན་ཐོན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།