ཉིང་ཁྲི་གྲོང་ཁྱེར་གྱིས་ཨ་ཤོམ་གྱི་སྣ་ཁ་གསར་པ་ཚོད་འདེབས་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:08

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།  ཉིང་ཁྲི་གྲོང་ཁྱེར་བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ས་ཚིགས་ཀྱིས་ཉིང་ཁྲི་གྲོང་ཚོའི་ཚན་རྩལ་ཆེད་མངགས་པ་དང་མཉམ་དུ་ཨ་ཤོམ་ཚོད་འདེབས་བྱས་པ་རེད།

ཨ་ཤོམ་སྣ་ཁ་གསར་པ་ཚོད་འདེབས་ཀྱི་རྒྱ་ཁྱོན་མུའུ་3.5ཟིན་པ་དང་།  ཞིང་ལས་ལག་རྩལ་ཁྱབ་གདལ་ས་ཚིགས་ཀྱི་ལག་རྩལ་པ་ཡོངས་དང་ཚན་རྩལ་ཆེད་མངགས་པའི་ཐུན་མོང་འབད་འཐབ་འོག  མིག་སྔར། ཨ་ཤོམ་སྣ་ཁ་གསར་པ་ཚོད་འདེབས་ལས་འགན་ལེགས་གྲུབ་ཟིན་ཡོད།  རྗེས་སུ་བྲག་ཡིབ་ཆུས་ཞིང་ལས་གྲོང་གསེབ་ཅུས་ཀྱི་ཞིང་ལས་ལག་རྩལ་མི་སྣས་ཞིང་ནང་གཡོག་བྱེད་སོགས་རྗེས་སྙེག་ཟིན་ཐོ་བཀོད་དེ་ཨ་ཤོམ་ཚོད་འདེབས་ལས་དོན་བདེ་བླག་ངང་ལེགས་གྲུབ་ཐུབ་རྒྱུའི་འགན་ལེན་བྱེད་རྒྱུ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།