ཆབ་མདོ་གྲོང་ཁྱེར་གྱིས་གྲོང་ཚོ་368ལ་ལྗོན་ཤིང་ཡོད་པར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:08

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ།  ཉེ་བའི་ལོ་ཤས་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱེད་པའི་ལས་དོན་ཏན་ཏིག་ངང་སྤེལ་བར་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད།

2018ལོའི་ལོ་མཇུག་བར།  གྲོང་ཁྱེར་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི་གྲོང་ཚོ་368དང་དུད་ཚང་36122ལ་ལྗོན་ཤིང་ཡོད་པར་བྱེད་པའི་ལས་འགན་བདེ་བླག་ངང་ལེགས་གྲུབ་ཟིན་པ་དང་།  2019ལོའི་ཚུན་དུ།  ལྗོན་ཤིང་ཡོད་པར་བྱས་པའི་གྲོང་ཚོ(གྲོང་ལྷན)43དང་དུད་ཚང་4240ལ་ཕན་འབྲས་མཐོར་གཏོང་ལས་དོན་སྤེལ་བ་དང་།  ཤིང་བཙུགས་རྒྱ་ཁྱོན་མུའུ་3200ལྷག་ཙམ་ཟིན་ཏེ་གྲོང་ཚོ་དང་དུད་ཚང་ཚང་མར་ལྗོན་ཤིང་ཡོད་པར་བྱེད་པའི་གྲུབ་འབྲས་སྔར་བས་སྲ་བརྟན་དུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།