ཆབ་མདོ་གྲོང་ཁྱེར་གྱི་སྒྲིག་ཚུད་གྲོང་ཚོ་ཚང་མར་གཞུང་ལམ་ཤར་གཏོང་ཐུབ་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:08

2018ལོར་ཆབ་མདོར་གྲོང་གསེབ་ཀྱི་གཞུང་ལམ་651གསར་སྐྲུན་བྱས་ནས་གཞུང་ལམ་གྱི་ལམ་ཚད་སྤྱི་ལེ་508ཟིན་ཡོད།

གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་མཐོར་གཏོང་ལས་གྲྭ་ཁག་4325ཕྱོཌ་ཡོངས་ནས་བསྐྲུན་པ།

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ།  ཉེ་བའི་ལོ་ཤས་རིང་།  ཆབ་མདོ་གྲོང་ཁྱེར་གྱིས་མ་དངུལ་དང་རྣམ་གྲངས་གཞི་རིམ་དང་དམངས་འཚོའི་ཁྱབ་ཁོངས་སུ་གཟིགས་སྐྱོང་བྱ་རྒྱུ་མཐའ་འཁྱོངས་བྱས་པས།  གྲོང་ཁྱེར་ཡོངས་ཀྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་ཕྱིན་པ་དང་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཉིན་བཞིན་འཐུས་སྒོ་ཚང་དུ་ཕྱིན་ཡོད་པ་རེད།

མིག་སྔར།  རྒྱལ་ལམ་214དང་317ལམ་རྒྱུད་ཀྱི་ཆབ་མདོ་གྲོང་རྡལ་གྱི་མངའ་ཁོངས་སྒྲོལ་བའི་གཞུང་ལམ་དང་།  སྔས་ལ་ཕུག་ལམ། འབྲེལ་མཐུད་གཞུང་ལམ་བཅས་བདེ་བླག་ངང་བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།  ཤེ་ལ་ཕུག་ལམ་དང་གྲུ་གུ་ལའི་ཕུག་ལམ་བདེ་བླག་ངང་ཏལ་འབིགས་ཐུབ་པ་དང་།  རྒྱལ་ལམ་214ལམ་རྒྱུད་ཀྱི་ཆབ་མདོ་ནས་སྤང་མདའ་གནམ་ཐང་གི་གཞུང་ལམ་གསར་སྐྲུན་དང་བསྐྱར་སྐྲུན་ལས་གྲྭ་ཆབ་མདོ་ནས་ལྕགས་ཁར་བར་གྱི་དུམ་བུ་བསྐྲུན་འགོ་ཚུགས་ཡོད་ལ།  རྒྱལ་ལམ་318ཀྱི་གྲུ་པ་རོང་ནས་ཉིང་ཁྲི་བར་གྱི་གཙོ་གནད་ལམ་དུམ་བཅོས་སྒྲིག་བསྐྱར་སྐྲུན་ལས་གྲྭ་སོགས་རྣམ་གྲངས་བརྟན་པོའི་ངང་སྐུལ་འདེད་བཏང་ཡོད།

མང་ཚོགས་ཀྱི་ཐོན་སྐྱེད་དང་འཚོ་བའི་ཆ་རྐྱེན་སྔར་བས་ལེགས་སུ་གཏོང་ཆེད།  ཆབ་མདོ་གྲོང་ཁྱེར་གྱིས་ཆུ་བེད་འཛུགས་སྐྲུན་དང་ནུས་རྒྱུ་འཛུགས་སྐྲུན་མགྱོགས་མྱུར་སྐུལ་འདེད་བཏང་ཞིང་།  བཀྲ་ཚང་ཀར་ཆུ་མཛོད་ལས་འགོ་བཙུགས་པ་དང་།  སྟེང་ཆེན་དང་སྨར་ཁམས་སོགས་རྫོང་8ཀྱི“ཞིང་ནང་ཆུ་བེད་ཆུང་གྲས”དང་བྲག་གཡབ་ཀྱི་རང་གྲུབ་དང་མཛོ་སྒང་གི་བྲག་ཡོལ་སོགས་ཞིང་ཆུ་འདྲེན་ཁུལ་4བསྐྲུན་ནས་སྤྱོད་འགོ་ཚུགས་ཡོད།  གྲོང་ཁྱེར་ཡོངས་ཀྱི་གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་བརྟན་གཏོང་མཐོར་གཏོང་ལས་གྲྭ་ཁག་4325ཕྱོགས་ཡོངས་ནས་བསྐྲུན་པ་དང་།  ཡུལ་གཞན་དུ་དུད་ཚང་ཁྲི་11.8གནས་སྤོས་དབུལ་སྐྱོར་དང་ཞིང་འབྲོག་མང་ཚོགས་ཀྱི་བདེ་འཇགས་འཐུང་ཆུའི་གནད་དོན་ཐག་གཅོད་ནུས་ལྡན་བྱས་ཁར།  ཞིང་ཆུ་འདྲེན་པའི་རྒྱ་ཁྱོན་མུའུ་ཁྲི་8.1འཕར་བ་དང་འབྲེལ།  ཆུ་བེད་ཀྱི་རྨང་གཞིའི་སྒྲིག་བཀོད་ལ་སྒོར་དུང་ཕྱུར་10.7བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།