མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གི་རིགས་གཅིག་མཁས་ཅན་སྨན་བཅོས་རུ་ཁག་གིས། མཚོ་ཆེན་རྫོང་དུ་འོས་འགན་སྨན་བཅོས་བྱེད་པར་བསྐྱོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-16 12:09:08

འདི་ག་ཚགས་པར་ཁང་དུ་སེང་གེ་ཁ་འབབ་ནས་ཟླ་5ཚེས་14ཉིན་གློག་འཕྲིན་འབྱོར་གསལ།  ཉིན་ཤས་གོང་།  མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཧྲའན་ཤིས་ཞིང་ཆེན་གྱི་ཁག་བཞི་པའི་ཚོགས་སྒྲིག་རྣམ་པའི་བོད་སྐྱོར་སྨན་བཅོས་རུ་ཁག་དང་སྨན་ཁང་དེའི་རིགས་གཅིག་མཁས་ཅན་ཁག་གཅིག་སྒྲིག་འཛུགས་བྱས་ཏེ།  ལམ་ཐག་སྤྱི་ལེ་800ཙམ་ཡོད་པའི་མངའ་རིས་ས་ཁུལ་གྱི་རྫོང་ཐག་རིང་ཤོས་མཚོ་ཆེན་རྫོང་དུ་རླངས་འཁོར་ལ་བསྡད་ནས་འོས་འགན་སྨན་བཅོས་བྱེད་སྒོ་སྤེལ་བ་དང་འབྲེལ།  མཚོ་ཆེན་རྫོང་མི་དམངས་སྨན་ཁང་དང་སྨན་བཅོས་སྒྲིག་གཞི་མཉམ་འབྲེལ་གྱི་རོགས་རེས་སྨན་ཁང་གི་རོགས་སྐྱོར་གྲོས་མཐུན་བཞག་པ་དང་།  རིམ་པ་ལྡན་པའི་སྨན་ཁང་གཏོད་པའི་ལས་དོན་ལ་མཛུབ་ཁྲིད་བྱས་པས།  ས་གནས་དེ་གའི་ཞིང་འབྲོག་མང་ཚོགས་དང་མཚོ་ཆེན་རྫོང་མི་དམངས་སྨན་ཁང་གི་གདེང་འཇོག་བཟང་པོ་མགྲིན་གཅིག་ཏུ་ཐོབ་པ་རེད།

ད་ཐེངས་ཀྱི་འོས་འགན་སྨན་བཅོས་བྱེད་སྒོ་ཡག་པོ་སྤེལ་ཆེད།  མངའ་རིས་ས་ཁུལ་མི་དམངས་སྨན་ཁང་གིས་ཁོང་ནད་ཚན་ཁག་དང་། ཕྱི་བཅོས་ཚན་ཁག  བུད་མེད་དང་བུ་བཙའི་ཚན་ཁག  བྱིས་པའི་ཚན་ཁག་སོགས་ཚན་ཁག་བཅུ་ལྷག་ཙམ་གྱི་རིགས་གཅིག་མཁས་ཅན་25ལས་གྲུབ་པའི་སྨན་བཅོས་རུ་ཁག་མངགས་པ་རེད།  རིགས་གཅིག་མཁས་ཅན་ཁག་གིས་ཚན་ཁག་སོ་སོར་དབྱེ་ནས་མང་ཚོགས་ལ་སྨན་བཅོས་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།