མ་རྩ་མཉམ་འཇོག་གི་ཁེ་ལས་སྒྲིག་འཛུགས་བྱས་ཏེ་ཨེ་ཤེ་ཡ་དབུས་མའི་ཁྲོམ་ར་བཏོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-15 10:56:08

འདི་ག་ཚགས་པར་ཁང་དུ་པེ་ཅིང་ནས་ཟླ་5ཚེས་13ཉིན་གློག་འཕྲིན་འབྱོར་གསལ། ཉེ་ཆར།  བོད་ལྗོངས་ཧྭ་ཡུས་གཏེར་ལས་མ་རྐང་ཚད་ཡོད་ཀུང་སིས“རྒྱུད་གཅིག་ལམ་གཅིག”གི་རྒྱལ་སྤྱིའི་མཉམ་ལས་མཐོ་རིམ་གླེང་སྟེགས་ཀྱི་ཁེ་ལས་མཁས་ཅན་གྱི་ཚོགས་ཆེན་གོ་སྐབས་སུ་བཟུང་ནས་ཐ་ཇིག་སི་ཐན་གྱི་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་ཆེ་ཤོས“ཐ་ཇིག་ཧ་ཡང་གཏེར་ལས”དང་གྲོས་མཐུན་བཞག་སྟེ་ཡུན་རིང་གཏིང་ཟབ་ཀྱི་མཉམ་ལས་མུ་མཐུད་བྱེད་མཁན་རེད།

རྒྱལ་ཁབ་ཀྱི“རྒྱུད་གཅིག་ལམ་གཅིག”གི་འབོད་སྐུལ་ལ་དང་ལེན་ཧུར་ཐག་ཞུ་ཆེད།  2017ལོའི་ཟླ་12ཚེས་15ཉིན།  ཧྭ་ཡུས་གཏེར་ལས་ཀྱིས་ཐ་ཇིག་སི་ཐན་གྱི་གཞུང་ཁོངས་མ་རྩ་ཁེར་འཇོག་ཁེ་ལས་ཆེ་ཤོས“ཐ་ཇིག་ཧ་ཡང་གཏེར་ལས”དང་མ་རྩ་མཉམ་འཇོག་གི་གཉེར་སྐྱོང་གྲོས་མཐུན་བཞག་ནས་ཧྭ་ཡུས་གཏེར་ལས་ཀྱི་ཕྱི་རྒྱལ་མ་རྩ་མཉམ་འཇོག་ཀུང་སི་ཐོག་མ“ཐ་ཇིག་ཧ་ཡང་གཏེར་ལས”བཙུགས་པ་རེད།  ཕྱོགས་གཉིས་ཀྱིས་མཉམ་ལས་གཉེར་སྐྱོང་བྱས་རྗེས་ཉིན་རེར་གཏེར་རྡོ་ཏུན་5000ཐོན་སྐྱེད་བྱེད་ཐུབ་པ་དང་།  ལོར་གསེར་གཏེར་རྩེ་གྲ་ཏུན་2.2དང་ཐི་གཏེར་རྩེ་གྲ་ཏུན་ཁྲི་1.6ཐོན་སྐྱེད་བྱེད་ཐུབ།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།