བྲོ་གར《མཁའ་ལམ》གྱིས“ཝུན་ཧྭ་བྱ་དགའ་ ཆེན་པོ”བརྩོན་ལེན་བྱ་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-13 17:19:01

ཤིན་ཧྭ་གསར་འགྱུར་ཁང་པེ་ཅིང་ནས་གློག་འཕྲིན་འབྱོར་གསལ།  ཉེ་ཆར་པེ་ཅིང་གི་རྒྱལ་ཁབ་ཟློས་གར་ཁང་ཆེ་མོར་མི་རིགས་ཀྱི་བྲོ་གར《མཁའ་ལམ》འཁྲབ་ཐེངས་དྲུག་པ་བྱེད་མཇུག་འགྲིལ་བ་དང་སྦྲགས་རྒྱལ་སའི་གློག་བརྙན་ཁང་དུ་ས་གནས་ས་ཐོག་ཏུ་ཐད་གཏོང་ཡང་བྱས་པ་རེད།  འཁྲབ་ཚན་དེ་ཚེས་24དང་ཚེས་25ཉིན་པེ་ཅིང་གྲོང་ཁྱེར་གྱི་ཚབ་བྱས་ཏེ་ཧྲང་ཧའེ་རུ་ཀྲུང་གོའི་སྒྱུ་རྩལ་དུས་ཆེན་སྐབས་བཅུ་གཉིས་པར་ཞུགས་ནས་སྐབས་བཅུ་དྲུག་པའི“ཝུན་ཧྭ་བྱ་དགའ་ཆེན་པོ”བརྩོན་ལེན་བྱ་རྒྱུ་རེད།

བྲོ་གར《མཁའ་ལམ》ནང་མཚོ་བོད་ལྕགས་ལམ་འཛུགས་སྐྲུན་དང་། མཚམས་འཇོག  སླར་གསོ་བཅས་ཀྱི་ལོ་རྒྱུས་ཀྱི་ལམ་བུ་དང་བོད་རིགས་མི་དམངས་ཀྱི་བསམ་པའི་ལམ་བུ་གཉིས་གཙོ་བོར་བྱས་ཏེ“སྐྲུན་ལམ”དང“སེམས་ལམ”གཅིག་ཏུ་བསྒྲིལ་ནས་མདུན་དུ་སྐྱོད་པའི་སྒྲུང་གཏམ་མཚོན་པར་བྱས་པ་དང་ཆབས་ཅིག  རྒྱ་བོད་མི་རིགས་ཀྱི་མཐུན་སྒྲིལ་དང་དམག་དམངས་དབར་ཉ་ཆུ་ལྟ་བུའི་བརྩེ་སེམས་བརྗོད་དོན་གཙོ་བོར་བྱས་ནས་མི་རབས་གསུམ་གྱིས“ཐོག་མའི་བསམ་འདུན་མ་བརྗེད་པར”ས་སྲུང་ལམ་སྐྲུན་གྱི་སྒྲུང་གཏམ་ཡང་བརྗོད་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།