ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་གྱིས་དམངས་ཀྱི་སེམས་ཁྲལ་བསལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-13 17:18:57

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་11ཉིན་གནས་ཚུལ་འབྱོར་གསལ།  ཟླ་5ཚེས་6ཉིན་གྱི་ཉིན་དགུང་ཆུ་ཚོད་12པར་གྲོང་མི་བསྟན་ལགས་ཀྱིས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345བརྒྱབ་སྟེ་འདམ་ར་ནུབ་ལམ་སྒོ་རྟགས་ཨང་16པའི་ཉེ་འགྲམ་དུ་ཨར་སྐྲུན་གད་སྙིགས་འདམ་ར་ནུབ་ལམ་གྱི་སྒོ་རྟགས་ཨང་16གི་ཉེ་འགྲམ་དུ་གཤོས་འདུག་ཅེས་བཤད།  “ཨར་སྐྲུན་གད་སྙིགས་དེ་གར་སྤུངས་ཚེ་མཐའ་འཁོར་གྲོང་མི་ཕྱིར་སྐྱོད་ལ་འགོག་རྐྱེན་བཟོ་བ་དང་།  བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཡང་ཐོན་བཟོ་འདུག”ཅེས་བསྟན་ལགས་ཀྱིས་གསར་འགོད་པར་བཤད།

གྲོང་མིའི་ཁ་པར་འབྱོར་རྗེས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345ཚན་པས་གནས་ཚུལ་དེ་ལྷ་ས་གྲོང་ཁྱེར་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་ལ་རྩིས་སྤྲད།  དེ་རྗེས་ཁྲེང་ཀོན་ཆུས་མི་དམངས་སྲིད་གཞུང་གིས་ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ལ་ཐག་གཅོད་བྱེད་དུ་བཅུག  ཀུན་བདེ་གླིང་ཁྲོམ་གཞུང་དོན་གཅོད་ཁྲུའུ་ཡིས་ས་གནས་ས་ཐོག་ཏུ་བརྟག་དཔྱད་བྱས་པ་དང་སྡེ་ཁུལ་གྱི་ལས་དོན་མི་སྣ་བཀོད་སྒྲིག་བྱས་ཏེ་ས་ཆ་དངོས་སུ་བསྐྱོད་པ་མ་ཟད།  ཨར་སྐྲུན་གྱི་འགན་འཁུར་བ་དང་འབྲེལ་བ་བྱས་ནས་གད་སྙིགས་གཙང་སེལ་བྱེད་དགོས་པའི་རེ་བ་བཏོན།  ཟླ་5ཚེས་7ཉིན་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345ཚན་པས་བསྟན་ལགས་ལ་ཁ་པར་བརྒྱབ་ནས་གད་སྙིགས་གཙང་མ་བཟོས་ཟིན་པའི་སྐོར་བཤད།  ཁོང་གིས་སྲིད་གཞུང་གིས་འཕྲལ་དུ་གནད་དོན་ཐག་གཅོད་བྱས་པར་བློ་ཡིད་ཚིམ་པོ་བྱུང་ཞེས་བརྗོད།

“དོན་དག་ཡོད་ན་སྲིད་གཞུང་བཙལ་ནས་ཁ་པར་ཨང་གྲངས་12345རྒྱག་པའི”འདུ་ཤེས་ལྷ་སའི་གྲོང་མིའི་སེམས་ནང་གཏིང་ཟབ་ཟུག་ཡོད།  ཉེ་དུས་གྲོང་མི་ཀྲང་ལགས་ཀྱིས་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345བརྒྱབ་ནས་རང་ཉིད་ཀྱི་དཀའ་གནད་བཤད།  ཀྲང་ལགས་ཧྲི་པང་རྒྱལ་སྤྱིའི་ལྡུམ་རའི་སྡེ་ཁུལ་དུ་སྡོད་པ་དང་སྡེ་ཁུལ་གྱི་གློག་སྐས་རྒྱུན་དུ་སྐྱོན་ཤོར་ནས་མི་རྣམས་ཕྱིར་སྐྱོད་རྒྱུར་སྟབས་བདེ་མེད་པས་ཁ་པར་ཨང་གྲངས་12345བརྒྱབ་སྟེ་རོགས་རམ་བྱ་རྒྱུའི་རེ་བ་བཏོན།  ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345ཚན་པས་འཕྲལ་དུ་ལྷ་ས་གྲོང་ཁྱེར་སྡོད་ཁང་འཛུགས་སྐྲུན་ཅུས་དང་འབྲེལ་བ་བྱས་པས་ཅུས་དེས་གློག་སྐས་ཀྱི་སྒྲིག་སྦྱོར་ལྷུ་ལག་འཕྲོ་བརླག་ཐེབས་པས་སྐྱོན་ཡང་སེ་ཤོར་གྱི་ཡོད་ཅེས་བཤད།  ཕྱོགས་ཁག་གིས་མཐུན་སྦྱོར་བྱས་པ་བརྒྱུད་སྡེ་ཁུལ་དེའི་སྡེ་ལས་ཕྱོགས་ཀྱིས་གློག་སྐས་ཉམས་བཟོ་སྡེ་ཚན་དང་འབྲེལ་བ་བྱས།  གསར་འགོད་པར་ཤེས་རྟོགས་བྱུང་གསལ། མིག་སྔར།  ལྷུ་ལག་བརྗེ་བའི་ཐད་མཁོ་བའི་སྒྲིག་ཆས་ལྷ་སར་འབྱོར་ནས་གློག་སྐས་ཉམས་བཟོ་བྱས་ཟིན་པས་གྲོང་མི་ཀྲང་ལགས་བློ་ཡིད་ཚིམ་པོ་བྱུང་ཡོད།

ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345ཡི་འགན་འཁུར་བས་ངོ་སྤྲོད་བྱས་པར་གཞིགས་ན།  ཟླ་5ཚེས་1ཉིན་ནས་ཚེས་8ཉིན་བར་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་ཞབས་ཞུའི་ཐད་སྦྲེལ་ཁ་པར་ཨང་གྲངས་12345ཚན་པས་མང་ཚོགས་ཀྱི་ཁ་པར་1027བླངས་པ་དང་ཉིན་རེར་ཆ་སྙོམས་ཁ་པར་128འབྱོར་གྱི་ཡོད།  སྒྲུབ་འགན་འཁུར་མཁན་ཚན་པར་དོན་དག་370རྩིས་སྤྲོད་བྱས་པ་དང་།  ཁ་པར་ནས་གནད་དོན་657ཐག་གཅོད་བྱས་ནས་ཐག་གཅོད་བྱེད་ཚད་65%ཟིན་པ།  མང་ཚོགས་ལ་ལན་བརྒྱབ་ཚད་100%ཟིན་པ་དང་མང་ཚོགས་བློ་ཡིད་ཚིམ་ཚད་99.9%ཟིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།