གཞིས་རྩེ་གྲོང་ཁྱེར་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གྲུབ་འབྲས་མངོན་གསལ་དོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-13 17:18:56

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་ཆར།  གསར་འགོད་པར་གཞིས་རྩེ་གྲོང་ཁྱེར་གྱི“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་སྐུལ་གཏོང་ཚོགས་འདུ་ནས་ཤེས་རྟོགས་བྱུང་བར།  གཞིས་རྩེ་གྲོང་ཁྱེར་གྱིས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་ལ་སྐུལ་འདེད་གཏིང་ཟབ་བཏང་ནས་གྲོང་ཁྱེར་ཡོངས་ཀྱི་དམངས་གཉེར་ཁེ་ལས་484ཡིས་ཤིན་ཏུ་དབུལ་བའི་གྲོང་ཚོ་942དང་དུད་ཚང་ཁྲི་1.01ལྷག་ཙམ་གྱི་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ་ཁྲི་3.86ལྷག་ཙམ་ལ་ཆ་སྒྲིག་རོགས་སྐྱོར་གྱི་བྱེད་སྒོ་སྤེལ་ནས་རོགས་སྐྱོར་མ་དངུལ་ཁྱོན་སྒོར་ཁྲི་7528བཏང་ཡོད།  ལྷག་པར་དུ་2018ལོར་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་ཆེན་སློབ་ཐོན་སློབ་མ་118ལ་རོགས་སྐྱོར་བྱས་ཏེ་ལས་ཞུགས་ཐུབ་པ་དང་ཁྱིམ་ཚང་ལ་དཀའ་ངལ་ཡོད་པའི་སློབ་མ་154ལ་རོགས་སྐྱོར་བྱས་ནས་སློབ་རོགས་དངུལ་ཁྱོན་སྒོར་ཁྲི་48.63སྤྲད་ཡོད།

གཞིས་རྩེ་གྲོང་ཁྱེར་བཟོ་ཚོང་མཉམ་འབྲེལ་ལྷན་ཚོགས་ཀྱི་འགན་འཁུར་བས་གནད་སྨིན་དབུལ་སྐྱོར་གྱི་འགན་འཁྲིའི་བསམ་པ་དང་དགོས་གཏུགས་ཀྱི་བསམ་པ་སྔར་བས་ཆེ་རུ་བཏང་ནས“ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་དེ་ཆབ་སྲིད་ཀྱི་ལས་འགན་གལ་ཆེན་ལ་བརྩིས་ནས་བཀོད་སྒྲིག་ཡག་པོ་དང་།  སྐུལ་འདེད་ཡག་པོ། དོན་འཁྱོལ་ཡག་པོ་བྱེད་དགོས་པ་དང་།  “ཁེ་ལས་བརྒྱས་གྲོང་ཚོར་བརྒྱར་རོཌ་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་གྱི་བྱ་སྤྱོད་ནང་ཁེ་ལས་ཁག་ཧུར་ཐག་ཞུགས་ཏེ་དམངས་གཉེར་ཁེ་ལས་དང་ཤིན་ཏུ་དབུལ་བའི་གྲོང་ཚོར་ཆ་སྒྲིག་རོགས་སྐྱོར་བྱེད་རྒྱུ་ཕྱོགས་ཡོངས་ལ་ཁྱབ་པར་བྱས་ཐོག  གྲོང་ཚོ་དབུལ་པོ་དང་ཡིག་ཚཌ་དང་གཱ་བཟོས་པའི་དུད་ཚང་དབུལ་པོ་དབུལ་སྒྲོལ་ཕྱུག་འགྱུར་གང་མགྱོཌ་ཡོང་རྒྱུར་རོགས་རམ་བྱས་ནས་གྲོང་ཁྱེར་ཡོངས་ཀྱི་མང་ཚོཌ་དབུལ་པོ་སྔ་ཙམ་དབུལ་སྒྲོལ་ཕྱུག་འགྱུར་ཡོང་བའི་ལས་དོན་ཐད་བྱ་སྤྱོད་གསར་པ་སྤེལ་བ་དང་འགན་འཁྲི་གསར་པ་སྒྲུབ་ཐུབ་པར་བྱེད་དགོས་ཞེས་བརྗོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།