རྒྱལ་ཁ་ཕུ་ཐག་གཅོད་པའི་བྱེད་ཐབས་ལ་བརྟེན་ནས་མཁྲེགས་སར་གཏུགས་ཕོད་པ་བྱེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-07 16:20:18

“ཤིན་ཏུ་དབུལ་བའི་རྫོང(ཆུས)19ནི་དཔེ་མཚོན་གྱི་དཀའ་གནད་ནང་གི་དཀའ་གནད་དང་།  དཀའ་ངལ་ནང་གི་དཀའ་ངལ། འགག་སྒོའི་ནང་གི་འགག་སྒོ་བཅས་ཡིན་པ་མ་ཟད།  མཁྲེགས་སར་གཏུགས་དཀའ་ཤོས་ཤིག་ཀྱང་རེད།  རིམ་པ་ཁག་དང་སྡེ་ཚན་ཁག་གིས་ཡིད་ཆེས་དང་ཆོད་སེམས་བརྟན་དུ་བཏང་སྟེ་ལོའུ་ལན་མཁར་རྫོང་མ་བླངས་བར་དུ་ཕྱིར་མ་ལོག་པའི་དཔའ་ཉམས་དང‘གཞན་གྱིས་སྟོབས་ཤུགས་ཏིལ་ཙམ་བཏོན་ཚེ་རང་གིས་སྟོབས་ཤུགས་རི་ཙམ་བཏོན་པའི’ལས་ཀའི་ཧུར་སེམས་དང་།  བྱས་འབྲས་ཐོབ་པར་ངས་མི་རྩོད་པའི་གོ་རྟོགས་དང་བྱས་རྗེས་འཇོག་པར་ང་ཡིས་འབད་པའི་འགན་འཁྲི་འཁུར་སེམས་ལ་བརྟེན་ནས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ཐད་གནས་པའི་མཁྲེགས་སར་གཏུགས་ཕོད་པ་བྱ་རྒྱུ་མཐའ་འཁྱོངས་བྱེད་དགོས”  ཟླ་4ཚེས་23ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་རང་སྐྱོང་ལྗོངས་དབུལ་སྐྱོར་གསར་སྤེལ་ལས་དོན་འགོ་ཁྲིད་ཚོགས་ཆུང་གི་ཙུའུ་ཀྲང་ཝུའུ་དབྱིང་ཅེས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་སྟེ་དབུལ་ཞྭ་འབུད་རྩིས་ཡོད་པའི་རྫོང(ཆུས)19ལ“སྐྱོན་ཆ་འཚོལ་བ”དང“བྱེད་ཐབས་བཏོན”གནང་བ་རེད།

ཤིན་ཏུ་དབུལ་བའི་རྫོང་གི་གྲས་ཤིག་ཡིན་པའི་ངོས་ནས་ས་སྐྱ་རྫོང་གིས་ཇི་ལྟར་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་རྒྱུའི་སྐོར་ལ་གསར་འགོད་པས་ས་སྐྱ་རྫོང་ཨུད་ཀྱི་ཧྲུའུ་ཅི་ལིའུ་ཁྲེན་ཧུའེ་ལ་ཆེད་དོན་བཅར་འདྲི་ཞུས་པ་ཡིན།

ལིའུ་ཁྲེན་ཧུའེ་ཡིས་ངོ་སྤྲོད་བྱས་པར་གཞིགས་ན།  དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་རྒྱག་འགོ་བཙུགས་མ་ཐག་ས་སྐྱ་རྫོང་ཨུད་ཀྱིས“ལོ་བཞི་དབུལ་སྒྲོལ་དང་ལོ་གཅིག་སྲ་བརྟན”གྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འཐབ་ཇུས་གཏན་འཁེལ་བྱས་ཏེ་ལས་ཀའི་འགན་འཁྲི་དང་གཙོ་རྒོལ་ཁ་ཕྱོགས་ཁ་གསལ་བཟོས་པ་དང་།  གནད་སྨིན་དབུལ་སྒྲོལ་སྲིད་ཇུས་ཀྱི་འདེགས་སྐྱོར་མ་ལག་རིམ་བཞིན་འཐུས་སྒོ་ཚང་དུ་བཏང་སྟེ་རྫོང་རིམ་པའི་འགོ་ཁྲིད་ཀྱིས་སྣེ་ཁྲིད་པ་ཡག་པོ་དང་།  ཤང་དང་གྲོང་རྡལ་གྱི་འགོ་ཁྲིད་པས་འཕྲལ་སྒྲུབ་པ་ཡག་པོ།  གྲོང་ཚོ་དང་གྲོང་ལྷན་གྱི་ལས་བྱེད་པས་དམག་དུང་བ་ཡག་པོ་བཅས་བྱས་ཏེ“ལྟེ་བ་གཉིས་དང་སྣེ་ཁྲིད་གཉིས་ཁུལ་བཞི”ཡི་ཐོན་ལས་འཕེལ་རྒྱས་གཏོང་བར་དམ་པོར་དམིགས་པ་དང་།  “བརྟེན་པ་བཞི་དང་གཅིག་སྡུད་གསུམ”ལ་དམིགས་ནས་གནས་སྤོས་ལ་དམ་འཛིན་བྱེད་པ།  “མཐོར་གཏོང་བཞི་དང་གསར་གཏོད་གཉིས”དོན་འཁྱོལ་གྱིས་ལས་ཞུགས་ལ་སྐུལ་འདེད་གཏོང་བ།  “ཤར་གཏོང་ལྔ་དང་གསར་སྐྲུན་ལྔར”སྐུལ་འདེད་ཀྱིས་རྨང་གཞི་བརྟན་དུ་གཏོང་བ།  “རོགས་སྐྱོར་ལྔ་དང་འཕྲལ་སྐྱོབ་ལྔ་གཤམ་སྤེལ་བཞི”དོན་འཁྱོལ་གྱིས་གསོན་ཤུགས་རྒྱས་པ་བཅས་བྱས་ཏེ་ནུས་ཤུགས་ཡོད་རྒུས་ཏང་འཛུགས་སྐྱོང་དང་དབུལ་སྒྲོལ་འགག་སྒྲོལ་མཉམ་འདྲེས་གཏིང་ཟབ་ཐུབ་པར་བྱེད་པ་དང་།  ནུས་ཤུགས་ཡོད་རྒུས་འགག་སྒྲོལ་དང་རྒྱལ་ཁ་ཕུ་ཐག་གཅོད་པའི་དམག་འཐབ་ཀྱི་རྣམ་པ་ཞིག་ཆགས་པ་བྱས་ནས་ས་སྐྱ་རྫོང་གི་དབུལ་སྒྲོལ་འགག་སྒྲོལ་ལ་རྒྱལ་ཁབ་ཕུ་ཐག་གཅོད་ཆེད་རྨང་གཞི་བརྟན་པོ་ཞིག་བཏིང་ཡོད།

གོམ་སྟབས་རྗེས་མའི་ལས་དོན་ལ་དམིགས་ནས་ལིའུ་ཁྲེན་ཧུའེ་ཡིས་གཅིག་ནས་འགན་འཁྲི་དོན་འཁྱོལ་ཤུགས་ཆེན་བྱེད་དགོས་ཤིང་།  ཆབ་སྲིད་ཀྱི་ཚུགས་གནས་སྔར་བས་མཐོ་རུ་གཏོང་བ་དང་།  དབུལ་སྒྲོལ་གྱི་སྤུས་ཚད་མཐོ་རུ་གཏོང་བ།  ངལ་དུབ་དང་དམག་འཐབ་ལ་སུན་སྣང་སྐྱེ་བའི་བསམ་བློ་ཁྱད་བསད་བྱེད་པ།  རྫོང་དང་ཤང་རིམ་གཉིས་ཏང་སྲིད་ཀྱི་འགོ་ཁྲིད་པ་ཨང་དང་པོའི་བྱེད་པོའི་འགན་འཁྲི་ནན་དུ་གཏོང་བ།  སྐུ་ངོ་མས་ཇུས་འགོད་དང་། སྐུ་ངོ་མས་བཀོད་སྒྲིག  སྐུ་ངོ་མས་བསྒྲུབ་རྒྱུར་ལྟ་སྐུལ་བཅས་བྱེད་པ།  གྲོང་སྡོད་ལས་དོན་རུ་ཁག་དང་དབུལ་སྐྱོར་ལས་བྱེད་པའི་རོགས་སྐྱོར་གྱི་འགན་འཁྲི་དོན་འཁྱོལ་ཏན་ཏིག་བྱེད་པ་བཅས་ཀྱི་ཐོག་ནས་རོགས་སྐྱོར་ལ་བྱེད་ཐབས་ཡོད་པ་དང་།  ལས་ཀར་ཟིན་ཐོ་ཡོད་པ། དབུལ་སྒྲོལ་ལ་གྲུབ་འབྲས་ཡོད་པ་བཅས་བྱེད་དགོས་པ་དང་།  གཉིས་ནས་ལས་དོན་དོན་འཁྱོལ་ཤུགས་ཆེན་བྱེད་དགོས་ཤིང་།  ཟླ་6པའི་ཟླ་མཇུག་གོང་གནས་སྤོས་དུད་ཚང་སྡོད་ཁང་གསར་པར་སྡོད་ཐུབ་པ་དང་ཟླ་9པའི་ཟླ་མཇུག་གོང་འཐུང་ཆུའི་འདུ་འགོད་ཁྱོན་ཡོངས་ལ་ཁྱབ་པ་དང་གྲོང་ཚོ་རིམ་པའི་གཞུང་ལམ་ཤར་གཏོང་གི་དམིགས་ཚད་ལེགས་འགྲུབ་བྱ་རྒྱུར་དམིགས་ནས།  གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་དང་།  ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་རྗེས་མཐུད་རོགས་སྐྱོར་ལས་དོན།  གྲོང་ཚོ་རིམ་པའི་གཞུང་ལམ་ལས་གྲྭ་འཛུགས་སྐྲུན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་སྟེ་དུས་བཀག་ལྟར་དབུལ་ཞྭ་འབུད་པའི་ལས་འགན་ལེགས་འགྲུབ་ཡོང་བའི་འགན་ལེན་བྱ་ཆེད་རྨང་གཞི་བརྟན་པོ་ཞིག་འདིང་དགོས་པ།  གསུམ་ནས་གཞི་རྩའི་སྨན་བཅོས་འགན་ལེན་ཤུགས་ཆེན་བྱེད་དགོས་ཤིང་།  ཤང་དང་གྲོང་རྡལ་འཕྲོད་བསྟེན་ཁང་དང་གྲོང་ཚོའི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བ་དང་།  རྫོང་དང་ཤང་གི་སྨན་དོན་མི་སྣ་གསོ་སྦྱོང་དང་ལས་གནས་བརྗེ་རེས་ལས་དོན་ལ་ཤུགས་སྣོན་རྒྱག་པ།  སྲིད་གཞུང་གི་ཉོ་སྒྲུབ་ལ་ཇུས་འགོད་ཧུར་ཐག་བྱེད་པ་བཅས་ལ་བརྟེན་ནས་སྨན་བཅོས་ཞབས་ཞུའི་ནུས་པ་ཆེ་རུ་དང་ཆུ་ཚད་མཐོ་རུ་གཏོང་དགོས་པ།  བཞི་ནས་སྤྱོད་ཚུལ་འཛུགས་སྐྱོང་ཤུགས་ཆེན་བྱེད་དགོས་ཤིང་།  སྐོར་གཟིགས་དག་ཐེར་ལས་དོན་ལ་མུ་མཐུད་སྐུལ་འདེད་གཏོང་བ་དང་དབུལ་སྐྱོར་ཁྱབ་ཁོངས་ཀྱི་རུལ་སུངས་གནད་དོན་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་མཐའ་འཁྱོངས་ཀྱིས་སྤྱོད་ཚུལ་འཛུགས་སྐྱོང་གི་ལས་དོན་དེ་དབུལ་སྒྲོལ་འགག་སྒྲོལ་གྱི་བརྒྱུད་རིམ་ཧྲིལ་པོར་ཁྱབ་པར་བྱས་ཏེ་དབུལ་པོ་ངོ་མར་དབུལ་སྐྱོར་དང་།  དངོས་འབྲེལ་དབུལ་སྐྱོར།  དབུལ་པོ་ངོ་མ་དབུལ་སྒྲོལ་བཅས་ཀྱི་རྣམ་པ་བཟང་པོ་ཤུགས་ཆེན་གཏོད་པ་དང་སྐུལ་འདེད་གཏོང་དགོས་པ།  ལྔ་ནས་དྲིལ་བསྒྲགས་ཁྲིད་སྟོན་ཤུགས་ཆེན་བྱེད་དགོས་ཤིང་།  “སྣང་ཆེན་བཞི་དང་དགའ་ཞེན་བཞི”དང་ཟུང་འབྲེལ་གྱིས་ཟླ་5པ་དང་ཟླ་7པར་དུས་ཡུན་ཉིན་25(ཐེངས་གཉིས)ཡི་ལས་བྱེད་པ་གྲོང་ཚོ་དང་དུད་ཚང་དུ་བསྐྱོད་ནས་སྒྲོག་འགྲེལ་བྱེད་པའི་ལས་དོན་སྤེལ་ཏེ་རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཚོས་དབུལ་སྐྱོར་སྲིད་ཇུས་ཤེས་རྟོགས་ཐུབ་ཚད་མཐོ་རུ་གཏོང་བ་དང་།  མང་ཚོགས་ལ་ཆབ་སྲིད་ཀྱི་རྩིས་དང་། ཡོང་འབབ་ཀྱི་རྩིས།  དྲིན་ཚོར་གྱི་རྩིས་བཅས་ཡག་པོ་རྒྱག་རོགས་བྱས་ནས་མང་ཚོགས་དབུལ་པོའི་རྗེས་ལུས་རྙིང་ཞེན་གྱི་ལྟ་བར་རིམ་བཞིན་འགྱུར་ལྡོག་བཏང་སྟེ“སྒུག་བརྟེན་སློང་གསུམ”གྱི་བསམ་བློ་ལས་སྒྲོལ་རོགས་བྱེད་དགོས་པ་བཅས་བསྟན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།