“བོད་ཀྱི་བཟོ་བོའི”གཟི་བརྗིད་མཚན་སྙན་ཐོབ་པའི་སྨན་པ་སྐལ་བཟང་ནོར་བུའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-07 16:20:18

བོད་ཀྱི་ས་མཐོའི་དམིགས་བསལ་རང་བྱུང་གནམ་གཤིས་ཆ་རྐྱེན་ལས་ཐོན་པའི་ནད་རིགས་མང་པོས་རང་ལྗོངས་ཀྱི་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་ལ་གནོད་འཚེ་བཟོ་གི་ཡོད།

རང་སྐྱོང་ལྗོངས་མི་དམངས་སྨན་ཁང་གི་ཡོན་ཀྲང་གཞོན་པ་འབུམ་རམས་པ་སྐལ་བཟང་ནོར་བུས་འགན་ལྕི་དང་དུ་བླངས་ཤིང་།  ལོ་བཅུ་གྲངས་ཉིན་གཅིག་ལྟར་ཚོགས་པའི་སྣེ་ཁྲིད་དེ་ས་མཐོའི་ནད་དང་།  དེ་བཞིན་ས་མཐོའི་ཁུལ་གྱི་སྙིང་ཁྲག་ནད་ལ་བརྟག་དཔྱད་དང་།  རྨང་གཞིའི་ཞིབ་འཇུག་གི་འཐབ་ས་དང་པོ་བརྟན་སྲུང་བྱས་ཏེ་ལས་བྱེད་པ་དང་མང་ཚོགས་ཀྱི་བདེ་ཐང་འགན་སྲུང་བྱས་པ་རེད།

2008ལོར་སྐལ་བཟང་ནོར་བུ་སོགས་ཀྱི་འབད་བརྩོན་འོག་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་རང་སྐྱོང་ལྗོངས་མི་དམངས་སྨན་ཁང་ལ་ས་མཐོའི་སྙིང་ཁྲག་ནད་ཀྱི་སྨན་བཅོས་སྒྲིག་ཆས་དང་དེ་བཞིན་མ་དངུལ་ཐག་གཅོད་བྱས་ཏེ་འཛམ་གླིང་ཐོག་ས་བབ་མཐོ་ཤོས་ཀྱི་སྙིང་ནད་སྨན་ཁང་བཙུགས་པ་རེད།

2009ལོའི་ལོ་འགོར་སྐལ་བཟང་ནོར་བུ་དང་ལས་རོགས་ཚོས་བོད་རང་སྐྱོང་ལྗོངས་སུ་དངོས་སུ་སྙིང་ནད་སྨན་བཅོས་བྱེད་འགོ་ཚུགས་ནས་ལས་དེའི་སྔོན་འགྲོ་བཏོད་པ་རེད།

2017ལོར་སྐལ་བཟང་ནོར་བུ་སོགས་རིགས་གཅིག་མཁས་ཅན་གྱི་སྐུལ་འདེད་འོག་བོད་རང་སྐྱོང་ལྗོངས་སྙིང་ནད་ལྟེ་གནས་བཙུགས་པར་བརྟེན་རང་ལྗོངས་ཀྱི་སྙིང་ཁྲག་ནད་སྨན་བཅོས་ཚད་ལྡན་དུ་གཏོང་བ་དང་།  སྨན་བཅོས་ཆུ་ཚད་མཐོ་རུ་གཏོང་བ།  འབྲེལ་ཡོད་ཆེད་ལས་ཚོགས་པ་འཛུགས་པ་བཅས་ལ་དགེ་མཚན་ལྡན་པའི་ནུས་པ་ཐོན་པ་རེད།

བོད་དུ་གསོ་རླུང་དཀོན་པས། སྙིང་ནད་སོགས་སྙིང་ཁྲག་ནད་པའི་ནད་རྟགས་དང་།  ཁྲག་རྩའི་གྲུབ་ཆ་དང་ནུས་པ་སོགས་ཀླུང་ཐང་ས་ཁུལ་གྱི་ནད་པ་དང་བསྡུར་ན་མི་འདྲ་བའི་ཆ་མང་པོ་ཡོད་པ་དང་།  སྨན་བཅོས་བརྒྱུད་རིམ་ཁྲོད་དུའང་ཀླུང་ཐང་དང་མི་འདྲ་བའི་དཀའ་གནད་དང་དམིགས་བསལ་གནས་ཚུལ་སྣ་ཚོགས་འཕྲད་ཀྱི་ཡོད།

རང་ལྗོངས་ཀྱི་ས་མཐོའི་གསོ་རིག་ཞིབ་འཇུག་སྟེགས་བུ་དང་ཚོད་ལྟ་ཁང་གི་ཆ་རྐྱེན་བལྟོས་བཅས་ཀྱིས་རྗེས་ལུས་ཡིན་པའི་གནས་ཚུལ་འོག  སྐལ་བཟང་ནོར་བུས་ལོ་15ཙམ་རིང་བོད་རང་སྐྱོང་ལྗོངས་ས་མཐོའི་གསོ་རིག་ཞིབ་འཇུག་ཁང་དང་།  བོད་རང་སྐྱོང་ལྗོངས“མིའི་རིགས་ས་མཐོར་འཕྲོད་ཤུགས་ཀྱི་གསོ་རིག་ཞིབ་འཇུག་ལྟེ་གནས”ཀྱི་གཙོ་གནད་ཚོད་ལྟ་ཁང་།  ས་མཐོར་འཚམ་པའི་ལུས་རྩལ་དང་སྙིང་གློའི་ནུས་པ་ཞིབ་འཇུག་ཁང་སོགས་ས་མཐོའི་གསོ་རིག་ཞིབ་འཇུག་སྟེགས་བུ་གསར་པ་བསྐྲུན་ཡོད།  མིག་སྔར་སྟེགས་བུ་དེ་དག་གིས་ཕྱོགས་ཡོངས་ནས་འབྲེལ་ཡོད་ལས་དོན་སྤེལ་ནས་རང་ལྗོངས་ཀྱི་ས་མཐོའི་གསོ་རིག་གི་ཚན་རིག་ཞིབ་འཇུག་ལ་སྔར་བས་ཤུགས་སྣོན་དང་།  ཕྱོགས་བསྡུས་འགོག་བཅོས་འཇོན་ཐང་ཆེ་རུ་གཏོང་བ།  མི་དམངས་ཀྱི་བདེ་ཐང་ལ་སྐུལ་འདེད་གཏོང་བ་བཅས་ཀྱི་ཐད་དགེ་མཚན་ལྡན་པའི་ནུས་པ་ཐོན་ཡོད།

“ནད་པའི་ནད་གཞི་ནི་བཀའ་རྒྱ་རེད།  ཉིན་མཚན་བསྟུད་མེད་སྨན་བཅོས་བྱས་མཐར་གཞིས་རྩེ་དང་། ལྷོ་ཁ། ནག་ཆུ། ཉིང་ཁྲི།  མངའ་རིས་སོགས་ནས་བསྒྱུར་བའི་སྙིང་ནད་ཕོག་པའི་ནད་པ་ཚང་མར་སྨན་བཅོས་ཡག་པོ་བྱུང་ཡོད།  ཚོགས་པའི་ཨེམ་རྗེ་ལ་ལ་ལྷ་སའི་གྲོང་འདབས་སུ་བསྡད་ཀྱང་ཛ་དྲག་གི་ནད་པ་ཡོད་ན་ལམ་སེང་ཡོང་གི་ཡོད།  དེ་ནི་ང་ཚོའི་རྒྱུན་གཏན་གྱི་ལས་ཀ་རེད་ལ།  ང་ཚོའི་འགན་འཁྲི་དང་འོས་འགན་ཀྱང་རེད”ཅེས་སྐལ་བཟང་ནོར་བུས་བཤད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།