བོད་ཀྱི་དམག་དཔུང་དང་ས་གནས་ཀྱིས། མཉམ་དུ་རྒྱལ་སྲུང་སྐུལ་སློང་གི་མངོན་མིན་ནུས་ཤུགས་ལ་བསྡོམས་རྩིས་དང་བརྟག་དཔྱད་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-07 16:20:18

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་བསྟུད་མར།  བོད་ཀྱི་དམག་དཔུང་དང་ས་གནས་ཀྱིས་མཉམ་དུ་རྒྱལ་སྲུང་སྐུལ་སློང་གི་མངོན་མིན་ནུས་ཤུགས་ལ་བསྡོམས་རྩིས་དང་བརྟག་དཔྱད་བྱས་པ་དང་།  ཁོངས་མིའི་སྡེ་ཚན་ལ་དཔུང་སྡེའི་རིམ་པ་ཁག་དང་། ས་གནས་ཀྱི་ཏང་ཨུད། སྲིད་གཞུང་།  ཆེད་ལས་གཞུང་ལས་ཁང་།  ལས་རིགས་ཁོངས་གཏོགས་དང་གཞུང་ཁོངས་ཁེ་ལས་ཆེ་གྲས་སོགས་ཚུད་ནས་དམག་དཔུང་དང་ས་གནས་ཀྱིས་མཉམ་འཛིན་མཉམ་འདོམས་ཀྱི་རྣམ་པ་ཡག་པོ་ཞིག་ཆགས་ཡོད་པ་རེད།

དམག་དཔུང་དང་ས་གནས་ཕྱོགས་གཉིས་ཀྱིས་མཉམ་འབྲེལ་གྱི་འགོ་ཁྲིད་ཚོགས་ཆུང་བཙུགས་པའི་རྨང་གཞིའི་ཐོག  ད་དུང་མི་1100ལྷག་གཅིག་སྡུད་བྱས་ཏེ་རྒྱལ་སྲུང་སྐུལ་སློང་གི་མངོན་མིན་ནུས་ཤུགས་ལ་བརྟག་དཔྱད་བྱེད་པའི་ལས་སྒོའི་སྦྱོང་བརྡར་བྱས་པ་དང་།  གཅིག་སྡུད་སློབ་ཁྲིད་དང་གྱོད་གཞི་དྲངས་ནས་སློབ་ཁྲིད་སོགས་ཀྱི་བྱ་ཐབས་བརྒྱུད།  2019ལོའི་ཀྱི་མངོན་མིན་ནུས་ཤུགས་ཞིབ་བཤེར་གྱི་གཅོ་གནད་འགན་འཁྲིར་གཅིག་སྡུད་ཞིབ་འཇུག་བྱས་ཏེ་རྒྱལ་སྲུང་གི་གྲངས་གཞི་ཆེ་མོའི་བསམ་ཕྱོགས་དང་ལས་དོན་ཚད་ལྡན་ཅན་གྱི་ཆུ་ཚད་ཏན་ཏིག་ངང་ཆེ་རུ་བཏང་བ་རེད།

གཞན་ཡང་།  ཕྱོཌ་གཉིས་ཀྱིས་དམག་དཔུང་དང་ས་གནས་ཀྱི་བསྡོམས་རྩིས་འགན་འཁྲིའི་དབྱེ་བ་གསལ་པོར་ཕྱེ་སྟེ་དམག་དཔུང་དང་ས་གནས་ཀྱིས་སྣེ་མང་བསྡོམས་རྩིས་དང་སྣོལ་སྡེབ་བསྡོམས་རྩིས།  བསྐྱར་ཟློས་བསྡོམས་རྩིས་སོགས་ཀྱི་གནད་དོན་སྔོན་འགོག་བྱས་པ་མ་ཟད།  རིམ་པ་ཁག་གིས་ཕྱོཌ་ཡོངས་ནས་ཁོངས་གཏོཌ་ཁུལ་གྱི་རྒྱལ་སྲུང་སྐུལ་སློང་གི་མངོན་མིན་ནུས་ཤུགས་ཐོན་ཁུངས་ཀྱི་གནས་ཚུལ་ཁོང་དུ་ཆུད་པར་ཕན་ཐོགས་ནས་ལས་ཆོད་ཆེ་རུ་ཕྱིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།