ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་སྟོངས་ཉེའི་སྲོག་ཆགས་རིགས་དང་དེའི་ཐོན་རྫས་ལྐོག་ཚོང་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-07 16:20:18

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་5ཉིན་གནས་ཚུལ་འབྱོར་གསལ། ཉིན་ཤས་གོང་།  གསར་འགོད་པར་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར།  འདི་ལོ་ཤར་ཚུན་ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་བ་སོ་དང་བ་སོའི་ཐོན་རྫས་ཁག་6རྩད་ཆོད་ལག་ཟིན་ཐུབ་པར་ཁེ་63.2ཟིན་པ་མ་ཟད།  ན་གིའི་རུས་ཆིབས་སྟོང་ཁེ་9.85དང་། པེའུ་མོ་སྟོང་ཁེ་13.95  ཙནྡན་དམར་པོ་སྟོང་ཁེ་425.08བཅས་རྩད་ཆོད་ལག་ཟིན་ཐུབ་ཅིང་།  ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཐར་པར་གཏན་ནས་མི་གཏོང་བའི་རྣམ་འགྱུར་ལ་བརྟེན་ནས་སྟོངས་ཉེའི་སྲོག་ཆགས་རིགས་དང་དེའི་ཐོན་རྫས་ལྐོག་ཚོང་གི་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་ཡོད་པ་རེད།

ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་ཡུལ་སྐོར་བ་མི་ཉུང་བ་ཞིག་གིས་བ་སོ་དྲན་རྟེན་ལ་བརྩིས་ནས་རྒྱལ་མཚམས་ནང་དུ་ཁྱེར་ན་ཆོག་པར་ངོས་འཛིན་མོད།  འོན་ཏེ་བ་སོ་དང་བ་སོའི་ཐོན་རྫས་རྒྱལ་མཚམས་ནང་དུ་འཁྱེར་བ་དང་བསྐུར་བའི་བྱ་སྤྱོད་ཚང་མ་ནི་བཀག་སྡོམ་བྱས་ཡོད་ཅེས་དྲན་སྐུལ་བྱས་པ་རེད།  ལྷ་སའི་འགག་སྒོ་ལས་ཁུངས་ཀྱིས་སྤྱི་ཚོགས་ལས་རིགས་ཁག་དང་རྒྱ་ཆེའི་མི་དམངས་མང་ཚོགས་ལ་བ་སོ་སོགས་སྟོངས་ཉེའི་སྲོག་ཆགས་རིགས་ལྐོག་ཚོང་གི་བྱེད་སྤྱོད་རིགས་ཐེར་འདོན་བྱེད་དགོས་པ་དང་།  རྩད་གཅོད་བྱས་པ་བརྒྱུད་དོན་དངོས་ཡིན་ཚེ་དེ་མཚུངས་ཀྱི་བྱ་དགའ་སྤྲོད་ཀྱི་ཡིན་ཞེས་སྐུལ་ལྕག་བཏང་བ་རེད།  ཐེར་འདོན་ཁ་པར་ཨང་གྲངས་ནི་0891-6822232རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།