“རྒྱལ་ཡོངས”ལྔ་གཅིག་ངལ་རྩོལ་བྱ་དགའ་ཐོབ་པའི་བོད་ལྗོངས་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིའི་སྐོར་བཀོད་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 10:48:28

ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སི་2003ལོར་བཙུགས་པ་ནས་ད་བར་ལོ་20ཡང་ཕྱིན་མེད་མོད།  ཀུང་སིའི་ལས་མི་མི་གསུམ་ནས་ད་ཆའི་མི་492་མང་དུ་ཕྱིན་ཡོད།  ལོའི་ཐོན་རྫས་རིན་ཐང་ཡང་ཐོག་མའི་སྒོར་ཁྲི་946ནས་2018ལོར་སྒོར་དུང་ཕྱུར་30.4བར་འཕར་ནས་མཆོང་སྐྱོད་ལྟ་བུའི་འཕེལ་རྒྱས་བྱུང་ཡོད།

ལོ་16རིང་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིས་བོད་ཀྱི་དོན་དངོས་ལ་བསྟུན་ནས་རི་མཐོ་གཡང་གཟར་གྱི་ཁྲོད་བོད་དུ་ཁོག་སྟོང་གྱང་སྲབ་ཀྱི་ལག་རྩལ་སྤྱད་དེ་ཟམ་ཆེན་དང་པོ་བསྐྲུན་པ་མ་ཟད།  སྤོ་བོ་ནས་མེ་ཏོག་བར་གྱི་ལྕགས་སྒྲོམ་གཞུང་ལམ་དང་།  ཡུན་བོད་གཞུང་ལམ་གསར་པ་བོད་ལྗོངས་མངའ་ཁོངས་ཀྱི་གཞུང་ལམ་རྒྱས་སྐྲུན།  ལྷ་རི་རྫོང་ནས་སྤོ་བོ་རྫོང་བར་གྱི་གཞུང་ལམ་སོགས་དཀའ་གནད་ཆེ་བའི་ལས་གྲྭ་བསྐྲུན་པར་ལས་སྒོའི་ནང་ཁུལ་དང་སྤྱི་ཚོགས་ལས་རིགས་ཁག་གི་ཚད་མཐོའི་གདེང་འཇོག་ཐོབ་ཡོད།

“ཏང་འཛུགས་སྐྱོང་ལ་བརྟེན་ནས་རིག་གནས་ལ་སྣེ་ཁྲིད་དང་འགན་འཁྲི་དང་ལས་འགན་ཁུར་སེམས་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་ནི་ཀུང་སི་འཕེལ་རྒྱས་ཀྱི་མཆོག་ནོར་རེད”ཅེས་ཀུང་སིའི་སྤྱི་ཁྱབ་ཅིང་ལི་ཕུར་བུ་ཀུན་སྐྱིད་ཀྱིས་དེ་ལྟར་བཤད།

ཀུང་སི་བཙུགས་པའི་ཉིན་དང་པོར་ཏང་ཀྲི་པུའུ་བཙུགས་ཤིང་།  མི་དང་གཞི་ཁྱོན་རིམ་གྱིས་རྒྱ་ཆེར་ཕྱིན་པ་མ་ཟད།  ཏང་སྤྱི་ཁྱབ་ཀྲི་པུའུ་ཡང་སྔར་བས་རྒྱ་སྐྱེད་བཏང་བ་རེད།  གཞི་རིམ་ཏང་རྩ་འཛུགས་འཐུས་སྒོ་ཚང་དུ་གཏོང་ཆེད།  2017ལོའི་ཟླ་བ་བདུན་པར་ཀུང་སིས་སྔ་རྗེས་སུ་ཏང་ཀྲི་པུའུ་དང་པོ་དང་གཉིས་པ་བཙུགས་པ་རེད།  2017ལོའི་ལོ་མཇུག་ཏུ་ཏང་འཛུགས་སྐྱོང་ལས་དོན་གྱི་དགོས་མཁོ་ལྟར་སྐབས་འཕྲལ་ཏང་ཚོགས་ཆུང་3བཙུགས་པ་རེད།  མིག་སྔར་ཀུང་སི་དེར་ཏང་ཡོན་50དང་གྲ་སྒྲིག་ཏང་ཡོན་5ཡོད་པ་རེད།

ལོ་16རིང་ཀུང་སིའི་གཉེར་སྐྱོང་གཞི་ཁྱོན་སྒྱུར་བཅོས་ཀྱི་འགྱུར་ལྡོག་དང་འཚམ་མོད།  འོན་ཀྱང་སྤྱི་ཚོགས་ཀྱི་འགན་འཁྲི་འཁུར་སེམས་ཆེན་པོར་ཐོག་མཐའ་བར་གསུམ་དུ་འགྱུར་ལྡོག་བྱུང་མེད།  ཀུང་སིས་ལོ་ལྟར་བོད་ཀྱི་སློབ་གླིང་སློབ་ཐོན་སློབ་མའི་ཆེད་དོན་ལས་མི་བསྡུ་བའི་བྱེད་སྒོ་སྤེལ་བ་དང་ད་ཕན་ལོ་ཤས་རིང་སློབ་ཐོན་སློབ་མ་280ལྷག་ཙམ་ལ་ལས་ཀ་སྤྲད་ཡོད།  ལས་མིས་ཞལ་འདེབས་རྒྱག་པ་དང་། རྣམ་གྲངས་ཀྱིས་རྒྱབ་སྐྱོར་བྱེད་པ།  ཀུང་སིས་མ་དངུལ་གཏོང་བ་སོགས་ཀྱི་བྱེད་ཐབས་སྤྱད་ནས་མ་དངུལ་གྲབས་གསོག་ཧུར་ཐག་བྱས་ཏེ་ཐག་རིང་ལུང་ཁུག་ཁུལ་ལ་ཞལ་འདེབས་བརྒྱབ་ཅིང་།  རིམ་རྩིས་བྱས་ན་ཁྱོན་ཞལ་འདེབས་བརྒྱབ་པའི་དངུལ་སྒོར་ཁྲི་80ལྷག་ཙམ་ཟིན་ཡོད་པ་རེད།

2015ལོའི་ཟླ་4ཚེས་25ཉིན་ནེ་པ་ལར་ས་ཡོམ་རིམ་པ་8.1རྒྱག་སྐབས།  བོད་ཀྱི་ས་གནས་མང་པོར་ཡང་ཡོམ་བརྒྱབ་ཡོད།  ཀུང་སིས་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ཡོམ་འཕྲོ་བརྒྱབ་པར་མི་བལྟོས་པར་ཉིན་མཚན་བལྟོས་མེད་དུ་གེགས་སེལ་ལས་ལ་གཞོལ་ཏེ་སྲོག་སྐྱོབ་ཀྱི་ལམ་བཤངས་པ་རེད།

2018ལོའི་ཟླ་10ཚེས་10ཉིན་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་དུ་རི་ཉིལ་ནས་འབྲི་ཆུ་འགགས་ཏེ་འཁྱིལ་མཚོ་ཆགས་ནས་ཉེན་ཁ་ཆེན་པོ་ཕྲད་ཡོད།  ཀུང་སིས་དེ་མ་ཉིད་དུ་རྒུད་སྐྱོབ་ལས་དོན་སྤེལ་ནས་ནུས་ཤུགས་ཡོད་རྒུས་རྒུད་སྐྱོབ་ལས་དོན་སྤེལ་བ་དང་འབྲེལ་མང་ཚོགས་ཁ་འགྲེམས་དང་བཀོད་སྒྲིག་བྱས་ཁར་ནུས་ཤུགས་ཡོད་རྒུས་ས་རྡོ་གཙང་སེལ་དང་།  གཞུང་ལམ་མྱུར་བཟོ། ཟམ་སྒྲོམ་འདིང་བ་བཅས་བྱས་པ་རེད།  ལས་དོན་ཚགས་ཚུད་པོ་སྤེལ་བར་བརྟེན་མང་ཚོགས་གཅིག་ལའང་རྨས་སྐྱོན་ཕོག་མེད་པ་དང་རྒྱུ་ནོར་ལ་གྱོང་གུན་ཆེན་པོ་ཕོག་མེད།

ལོ་16རིང་ཐེན་ཧྲུན་ལམ་ཟམ་ལས་གྲྭ་ཚད་ཡོད་ཀུང་སིས་བོད་དུ་བདེ་སྐྱིད་ལམ་ཟམ་གྲངས་མེད་བསྐྲུན་ཡོད།  མ་འོངས་ལོ་ཟླའི་ནང་ཐེན་ཧྲུན་གྱི་ལམ་ཟམ་བཟོ་པ་ཚོས་མུ་མཐུད་འབད་འཐབ་བྱས་ཏེ“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན་ཞིག”བྱ་སྲིད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།