ཆབ་མདོས་ལྔ་བཞིའི་ཕུལ་བྱུང་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 10:48:28

འདི་ག་ཚགས་པར་ཁང་དུ་ཆབ་མདོ་ནས་ཟླ་5ཚེས་4ཉིན་གློག་འཕྲིན་འབྱོར་གསལ།  རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོའི་རྒྱལ་གཅེས་རིང་ལུགས་སྲོག་ཤིང་དུ་བྱེད་པའི་རླབས་ཆེན་མི་རིགས་ཀྱི་སྙིང་སྟོབས་དར་སྤེལ་ཤུགས་ཆེན་གཏོང་བ་དང་སྔོན་ཐོན་དཔེ་བཟང་ལ་གཟེངས་བསྟོད་བྱ་ཆེད།  ཚེས་4ཉིན་གྱི་ཕྱི་དྲོར་གུང་གཞོན་སྡེ་ཚོགས་ཆབ་མདོ་གྲོང་ཁྱེར་ཨུ་ལྷན་གྱིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བརྗོད་དོན་གཙོ་བོའི་བྱ་དགའ་སྤྲོད་པའི་དགོང་ཚོགས་གཉེར་ནས་ཆབ་མདོ་གྲོང་ཁྱེར་གྱི་ཕུལ་བྱུང་མི་སྒེར་དང་མཉམ་སྡེབ་ལ་གཟེངས་བསྟོད་བྱས་ཤིང་།  ཁྱོན་གཞོན་ནུའི་འཐུས་མི་དང་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་ཀྱི་འཐུས་མི་800ཞུགས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན།  ད་ཐེངས་ཀྱི་དགོང་ཚོགས་ཀྱི་བརྗོད་དོན་གཙོ་བོ“ལང་ཚོའི་སེམས་པ་ཏང་ལ་ཕྱོགས།  དུས་རབས་གསར་པར་བྱས་རྗེས་འཇོག”ཡིན་ཞིང་། ཀྲོའུ་ཅུན་དང་། བདེ་སྐྱིད་གཡང་འཛོམས།  བསྟན་འཛིན་ཡོན་ཏན་སོགས་མི་བཅུ་ལ་ཆབ་མདོ་གྲོང་ཁྱེར་གྱི“གཞོན་ནུ་ཡག་ཤོས་བཅུའི”མཚན་སྙན་ཐོབ་པ་དང་།  བཀྲ་ཤིས་དགྲ་འདུལ་དང་ལེ་ཧུང་ཝེ་སོགས་མི་བཞི་དང་ཚྭ་ཁ་ལྷོའི་གཞུང་ལམ་བདག་སྐྱོང་དུམ་བུའི་བཟོ་ཁུལ་བཅུ་བཞི་པ་སོགས་མཉམ་སྡེབ་གསུམ་ལ་ཆབ་མདོའི་གཞོན་ནུའི་ལྔ་བཞིའི་བྱ་དགའ་ཐོབ་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།