བོད་ལྗོངས་སློབ་ཆེན་གྱིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ100འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 10:48:28

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་ཟླ་5ཚེས་4ཉིན་གནས་ཚུལ་འབྱོར་གསལ།  མེ་ཏོག་སྣ་ཚོགས་བཞད་འགོ་ཚུགས། ལང་ཚོའི་གཟི་དཔལ་རབ་ཏུ་རྒྱས། ཚེས་4ཉིན་གྱི་ཕྱི་དྲོར།  བོད་ལྗོངས་སློབ་ཆེན་དུ་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་བྱེད་སྒོ་སྤེལ་བ་རེད།  བྱེད་སྒོ་སྤེལ་བའི་དམིགས་ཡུལ་ནི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་བསྒྲེངས་ཏེ།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་ཚོགས་ཆེན་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྔ་བཞིའི་ལས་འགུལ་སྤེལ་ནས་ལོ་100འཁོར་བར་དྲན་གསོ་ཞུ་བའི་རང་ལྗོངས་ཀྱི་བཞུགས་མོལ་ཚོགས་འདུའི་ཐོག་གནང་བའི་གསུང་བཤད་ཀྱི་དགོངས་དོན་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་བོད་ལྗོངས་མི་རིགས་སློབ་ཆེན་བཙུགས་ནས་ལོ་60འཁོར་བར་སྤྲིངས་པའི་རྟེན་འབྲེལ་འཕྲིན་ཡིག་གི་དགོངས་དོན་དྲིལ་བསྒྲགས་མཐར་ཕྱིན་བྱེད་པ།  བོད་ལྗོངས་སློབ་ཆེན་གྱི་གཞོན་ནུ་ཚོར་དུས་རབས་ཀྱི་མདུན་གྲལ་དུ་སྐྱོད་པའི་འབད་འཐབ་བྱེད་མཁན་དང་།  གསར་འབྱེད་བྱེད་མཁན།  ལེགས་སྐྱེས་འབུལ་མཁན་བཅས་བྱེད་ཕོད་དགོས་པའི་སྐུལ་ལྕག་གཏོང་བ་བཅས་རེད།

ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བོད་ལྗོངས་སློབ་ཆེན་ཏང་ཨུད་ཀྱི་ཧྲུའུ་ཅི་ཉི་མ་ཚེ་རིང་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད།

ཉི་མ་ཚེ་རིང་གིས་རྒྱ་ཆེའི་གཞོན་ནུ་ཚོས་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་དང་བོད་ཀྱི་གསར་བརྗེ་དང་།  འཛུགས་སྐྲུན།  དེ་བཞིན་སྒྱུར་བཅོས་སྒོ་དབྱེ་བཅས་ལ་སྐུལ་འདེད་གཏོང་རིང་ལེགས་སྐྱེས་ཆེན་པོ་ཕུལ་ཡོད།  གཞོན་ནུ་ནི་དུས་རབས་ཀྱི་ཚོར་བ་རྣོ་ཤོས་མཚོན་པའི་ཆར་བརྟག་ཡོ་བྱད་ཅིག་དང་མཚུངས།  གཞོན་ནུ་ཚོའི་ཕྲག་ཏུ་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་འགན་འཁྲི་ཆེན་པོ་འབབ་ཡོད།  དེས་ན་རང་རྟོགས་ངང“འདུ་ཤེས་བཞི”ཟབ་ཏུ་བཏང་བ་དང“གདེང་ཚོད་བཞི”བརྟན་དུ་བཏང་སྟེ།  “སྲུང་སྐྱོང་གཉིས་ཐུབ་པ”བྱེད་པའི་བློ་རྩ་བརྟན་པའི་ལག་བསྟར་མཁན་དང་།  རྒྱལ་གཅེས་རིང་ལུགས་ཀྱི་དཔེ་སྟོན་དང་ལག་ལེན་མཁན།  ཚན་རིག་དང་མཐུན་པའི་རིགས་པའི་གཞུང་ལུགས་དྲིལ་བསྒྲགས་ཧུར་ཐག་བྱེད་མཁན།  དཀའ་སྤྱད་འབད་འཐབ་ཏན་ཏན་ཏིག་ཏིག་བྱེད་མཁན་བཅས་བྱེད་པར་འབད་འབུངས་བྱེད་དགོས་ཞེས་གསུངས།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།