ན་ནིང་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་ལ་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 10:48:28

ཤིན་ཧྭ་གསར་འགྱུར་ཁང་ལྷ་ས་ནས་གློག་འཕྲིན་འབྱོར་བ་གཞིར་བཟུང་།  གསར་འགོད་པར་བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ནས་ཤེས་རྟོགས་བྱུང་གསལ།  2018ལོར་རིམ་རྩིས་བྱས་ན་མ་དངུལ་སྒོར་དུང་ཕྱུར་5ལྷག་ཙམ་བཏང་ནས་ཕོ་བྲང་པོ་ཏ་ལ་དང་།  བསམ་ཡས་དགོན། མངའ་རིས་ཡན་ལག་ལས་དོན་ཨུ་ལྷན་གྱི་གནས་རྙིང་།  སྤོ་བོའི་ཁྲབ་རྨོག་ལྟེ་བའི་རྫོང་ཨུད་ཀྱི་ཐོག་ཁང་དམར་པོ་སོགས་ཚུད་པའི་རྒྱལ་ཁབ་དང་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པར་སྲུང་སྐྱོབ་དང་བེད་སྤྱོད་ཀྱི་ལས་དོན་སྤེལ་བ་རེད།

བོད་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱི་ཏང་ཙུའི་ཧྲུའུ་ཅི་གཞོན་པ་ཅུས་ཀྲང་ལིའུ་ཧྲི་ཀྲུང་གིས།  2018ལོར་རྒྱལ་ཁབ་ཀྱིས་རིག་དངོས་སྲུང་སྐྱོབ་ལ་ཆེད་དངུལ་སྒོར་དུང་ཕྱུར་4.59བཏང་ནས་རྒྱལ་ཁབ་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་རྣམ་གྲངས་55ལག་ལེན་བསྟར་ཡོད་པ་དང་།  རང་སྐྱོང་ལྗོངས་ནོར་སྲིད་ཀྱིས་མ་དངུལ་སྒོར་དུང་ཕྱུར་1.18བཏང་སྟེ་རང་སྐྱོང་ལྗོངས་རིམ་པའི་གཙོ་གནད་རིག་དངོས་སྲུང་སྐྱོབ་ཚན་པའི་སྲུང་སྐྱོབ་རྣམ་གྲངས་30ལག་ལེན་བསྟར་ཡོད་ཅེས་བཤད།

གསར་འགོད་པར་ཤེས་རྟོཌ་བྱུང་གསལ།  གོང་གསལ་གྱི་གཙོ་གནད་རིག་དངོས་སྲུང་སྐྱོབ་རྣམ་གྲངས་བོད་ཀྱི་ས་ཁུལ་དང་གྲོང་ཁྱེར་བདུན་ལ་ཁྱབ་ཅིང་།  དེའི་ནང་རིག་དངོས་སྲུང་སྐྱོབ་ཉམས་གསོ་དང་། བདེ་འཇཌ་འགན་ལེན། མེ་ཟོན།  གྲངས་གཞི་ཆེ་མོའི་ལྟ་ཞིབ་ཚད་ལེན། བེད་སྤྱོད་སོཌ་ཀྱི་ནང་དོན་ཚུད་ཡོད།  མིག་སྔའི་བར་སྐྲུན་བཞིན་པའི་རྣམ་གྲངས་78དང་།  ལས་མཇུག་བསྒྲིལ་ནས་ཞིབ་བཤེར་རྩིས་ལེན་བྱས་པའི་རྣམ་གྲངས་23ཡོད་པ་དང་།  མ་དངུལ་སྒོར་དུང་ཕྱུར་4.26བཏང་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།