པ་སྣམ་རྫོང་གིས“རོལ་མོ་བཞི”མཉམ་དུ་དཀྲོལ་ནས་ཀྲི་པུའུ་འཛུགས་སྐྱོང་བྱེད་སྟངས་ཚད་ལྡན་ཅན་ལ་སྐུལ་འདེད་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-05-06 10:48:27

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ། ཉེ་བའི་ལོ་ཤས་རིང་།  པ་སྣམ་རྫོང་གིས་ཏང་འཛུགས་སྐྱོང་གི་གསོན་ཤུགས་ཆེ་རུ་གཏོང་བ་དང་།  ཏང་ཡོན་ལས་བྱེད་པའི་ནུས་པ་ཆེ་རུ་གཏོང་བ།  ཞབས་ཞུའི་ཆུ་ཚད་མཐོ་རུ་གཏོང་བ་བཅས་ནས་འགོ་བརྩམས་ཏེ།  ཁྱད་ཆོས་ལྡན་པའི་ཀྲི་པུའུ་ཚད་ལྡན་ཅན་ལ་སྐུལ་འདེད་ཟམ་མི་ཆད་པར་གཏོང་བའི་ལམ་འཚོལ་ཞིབ་བྱས་ནས་ཞབས་ཞུ་ལྟེ་བར་འཛིན་པ་དང་དཔུང་ཁག་འཛུགས་སྐྱོང་ལས་དོན་ཀྲི་པུའུ་འཛུགས་སྐྱོང་གི་འགོ་ནས་མཇུག་བར་ཁྱབ་པར་བྱས་ཡོད།

ལས་དོན་དམིགས་ཚད་ཅན་གྱི“སྔོན་འགྲོའི་རོལ་མོ”ལེགས་པར་དཀྲོལ་བ།  ལོ་ལྟར་གྱི་ལོ་སྟོད་དུ་པ་སྣམ་རྫོང་གི་ལས་ཁུངས་ཁག་གི་ཀྲི་པུས་རྫོང་ལས་ཁུངས་ཀྱི་ཀྲུང་གུང་ལས་དོན་ཨུ་ལྷན་དང་གཞི་རིམ་ཏང་རྩ་འཛུགས་ཚད་ལྡན་ཅན་འཛུགས་སྐྱོང་སོགས་ལས་དོན་གྱི་བླང་བྱ་དང་ཟུང་འབྲེལ་གྱིས་ཀྲི་པུའི་ལོ་འཁོར་གྱི་ལས་དོན་དང་སློབ་སྦྱོང་གི་འཆར་གཞི་བཟོ་བ་དང་།  རྣམ་གྲངས་ཀྱི་གསལ་ཐོའི་རྣམ་པར་བརྟེན་ནས་ལས་ཀའི་དམིགས་ཚད་ཁ་གསལ་བཟོ་བ།  བརྗོད་དོན་གཙོ་བོ་སྣ་ཚོགས་གཏན་འཁེལ་དང་འབྲེལ་བརྗོད་དོན་གཙོ་བོར་དམིགས་ནས་ནང་དོན་ཕུན་སུམ་ཚོགས་པའི་ཀྲི་པུའི་བྱེད་སྒོ་ཇུས་འགོད་ཞིབ་ཚགས་བྱེད་པ།  ཀྲི་པུའི་ལས་དོན་གྱིས་ཚན་པ་ཁག་གི་ལས་དོན་ལ་སྐུལ་ཁྲིད་བྱེད་པ་བཅས་ཀྱིས་ལས་དོན་གཙོ་བོར་སྐུལ་འདེད་བདེ་བླག་བཏང་ཡོད།

རྣམ་གྲངས་བརྒྱུད་རིམ་ཅན་གྱི“མཉམ་སྒྲོག་རོལ་མོ”ལེགས་པར་དཀྲོལ་བ།  པ་སྣམ་རྫོང་གིས་བརྒྱུད་རིམ་ཅན་གྱི་དོ་དམ་རྣམ་པ་སྤྱད་དེ་དུས་མཚམས་རང་བཞིན་གྱི་ལས་དོན་དང་ལས་འགན་དག་མ་བསྒྲུབས་གོང་གི་གྲ་སྒྲིག་དང་།  སྒྲུབ་རིང་གི་གྲོས་བསྡུར།  བསྒྲུབས་རྗེས་ཀྱི་དག་ཐེར་བཅས་ནང་དོན་གསུམ་དུ་ཕྱེ་ནས་འགན་འཁྲི་བདེ་བླག་ངང་སྒྲུབ་པའི་འགན་ལེན་བྱས་ཡོད།

རྩ་འཛུགས་ལས་དོན་ཆ་འཕྲིན་ཅན་གྱི“མདུན་སྐྱོད་རོལ་མོ”ལེགས་པར་དཀྲོལ་བ།  པ་སྣམ་རྫོང་གིས་ཏང་དོན་ལམ་ལུགས་གསེད་དཀྲོལ་ནན་ཏན་བྱས་པའི་རྨང་གཞིའི་ཐོག《པ་སྣམ་རྫོང་ཨུད་རྩ་འཛུགས་པུའི་ཏང་ཀྲི་པུའི་ཏང་དོན་ཡོངས་བསྒྲགས་ལས་དོན་ལམ་ལུགས》བཟོས་ཏེ།  “ཏང་ཀྲི་པུའི་ཏང་དོན་ཡོངས་བསྒྲགས་ལམ་ལུགས”དང“ཏང་ཀྲི་པུས་རང་ངོས་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་དགོས་པའི་སྐོར”སོགས་ལམ་ལུགས་མང་པོ་ཞིག་ལ་བཟོ་བཅོས་བརྒྱབ་ནས་འཐུས་སྒོ་ཚང་དུ་བཏང་བ་རེད།

ཞབས་འདེགས་མདུན་མ་ཅན་གྱི“བརྗོད་དོན་གཙོ་བོའི་རོལ་མོ”ལེགས་པར་དཀྲོལ་བ།  མང་ཚོགས་ལ་ཞབས་འདེགས་ཞུ་བའི“མཐའ་མའི་འགག་གནད”སེལ་ཆེད།  ཏང་ཡོན་དང་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་གཞི་རིམ་དུ་འཚམས་འདྲི་དང་བརྟག་ཞིབ་བྱེད་པར་བསྐྱོད་པ་དང་སྦྲགས།  ཏང་འཛུགས་སྐྱོང་གི་འབྲེལ་ཡོད་ལས་དོན་རྒྱ་ཁྱབ་ཏུ་དྲིལ་བསྒྲགས་ཀྱང་བྱས་ཏེ།  གཞི་རིམ་ཏང་རྩ་འཛུགས་ཀྱི་ཚད་ལྡན་ཅན་འཛུགས་སྐྱོང་གི་ལས་དོན་ལ་ཕྱོགས་ཡོངས་ནས་སྐུལ་འདེད་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།