ཉིང་ཁྲི་གྲོང་ཁྱེར་གྱིས་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-04-19 17:40:59

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ། ཉེ་ཆར།  ཉིང་ཁྲི་གྲོང་ཁྱེར་མེ་ཟོན་རོགས་སྐྱོབ་ཉིང་ལག་རུ་ཁག་གིས་འབར་སླ་བ་དང་འབར་གས་ཀྱི་གནས་ཚུལ་ཐོན་སླ་སར་མེ་ཟོན་བདེ་འཇགས་ཀྱི་ཆེད་དོན་ཞིབ་བཤེར་བྱས་ནས།  ཚན་པ་ཁག་གིས་མེ་ཟོན་བདེ་འཇགས་ཀྱི་འགན་འཁྲི་དང་མེ་ཟོན་བདེ་འཇགས་ཀྱི་དོ་དམ་ལམ་ལུགས་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་མིན་ལ་ལྟ་སྐུལ་བྱས་ཏེ།  མེ་སྐྱོན་གྱི་མི་མངོན་པའི་རྐྱེན་ངན་གཙང་བཤེར་དང་མེ་ཟོན་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་བཏང་བ་རེད།

ཞིབ་བཤེར་བྱེད་རིང་།  ཞིབ་བཤེར་མི་སྣས་ཚན་པ་ཁག་གི་མེ་ཟོན་བདེ་འཇགས་དོ་དམ་གྱི་བྱེད་པོའི་འགན་འཁྲི་དོན་འཁྱོལ་དང་།  མེ་ཟོན་གྱི་སྲིད་འཛིན་ཆོག་འཐུས་ལག་ཁྱེར། མེ་ཟོན་སྒྲིག་ཆས།  མེ་གསོད་རོགས་སྐྱོབ་ཀྱི་ཆ་རྐྱེན། མེ་ཟོན་བདེ་འཇགས་ཀྱི་ཚད་གཞི་ཅན་གྱི་དོ་དམ།  མེ་ཟོན་ས་ཚིགས་ཆུང་ངུ་འཛུགས་སྐྲུན་སོགས་ཀྱི་གནས་ཚུལ་ལ་གཙོ་གནད་ཐོག་ཞིབ་བཤེར་བྱས་པ་རེད།  ཞིབ་བཤེར་མ་སྣས་ཞིབ་བཤེར་ཁྲོད་ཤེས་རྟོགས་བྱུང་བའི་གནད་དོན་ལ་བཅོས་སྒྲིག་བྱ་རྒྱུའི་བསམ་འཆར་དང་འགྲོ་འགོ་བཏོན་པ་དང་འབྲེལ་ཚན་པ་ཁག་གི་འགན་འཁུར་བས་ཉེ་དུས་ཐོན་པའི་ལས་འཛོལ་གྱི་བསླབ་བྱ་དང་ལེན་ནན་ཏན་བྱེད་པ་དང་།  མེ་ཟོན་བདེ་འཇགས་དོ་དམ་ལམ་ལུགས་དོན་འཁྱོལ་ནན་ཏན་བྱེད་པ།  རང་བཤེར་རང་བཅོས་ཀྱི་ལས་དོན་ཏན་ཏིག་སྤེལ་བ་བཅས་བྱས་ནས་ཉེན་བརྡ་རྒྱུན་སྒྲོག་དང་མ་བྱུང་སྔོན་འགོག་བྱེད་དགོས་པའི་བླང་བྱ་བཏོན་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།