གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་ལ་སྐུལ་འདེད་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-04-19 17:40:59

འདི་ག་ཚགས་པར་ཁང་དུ་གཞིས་རྩེ་ནས་གློག་འཕྲིན་འབྱོར་གསལ།  ཉེ་བའི་ལོ་ཤས་ནང་གྲོ་མོ་རྫོང་གིས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོའི་འཛུགས་སྐྲུན་མཐའ་འཁྱོངས་བྱ་རྒྱུ་དེ་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་བྱེད་པའི་དམ་འཛིན་བྱ་གཞི་གལ་ཆེན་དུ་བརྩིས་ཏེ་ས་བབ་དང་བསྟུན་པ་དང་།  ཐོན་ལས་འཕེལ་རྒྱས་བཏང་བ།  དངོས་འཛིན་དངོས་སྒྲུབ་བཅས་ཀྱི་ཐོག་ནས་མང་ཚོགས་ཀྱི་བདེ་སྡོད་ལས་བརྩོན་མངོན་འགྱུར་ཐུབ་པ་བྱས་ཤིང་།  མིག་སྔའི་བར་གྲོ་མོ་རྫོང་གིས་རྒུར་རུ་གྲོང་ཚོ་ཚུད་པའི་གྲོང་ཚོ(གྲོང་ལྷན)9ཡི་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་བྱེད་འགོ་ཚུགས་ནས་ཐོན་ལས་རྟེན་གཞི་ཆེན་པོ་བཅུ་ཡིས་གཙོ་བོ་བྱེད་པའི་ཞིང་འབྲོག་ཁྱད་ལྡན་ཐོན་ལས་རྣམ་གྲངས་ལག་བསྟར་བྱས་པ་རེད།

ཤེས་རྟོགས་བྱས་པར་གཞིགས་ན།  གྲོ་མོ་རྫོང་གིས་ཆེད་མངགས་མཐའ་མཚམས་འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན་ལས་དོན་འགོ་ཁྲིད་ཚོགས་ཆུང་བཙུགས་ནས་རྫོང་རིམ་པའི་ལས་བྱེད་པས་ཤང་དང་གྲོང་རྡལ་འགན་གཙང་ལེན་པ་དང་ཤང་དང་གྲོང་རྡལ་གྱི་ལས་བྱེད་པས་གྲོང་ཚོ་དང་གྲོང་ལྷན་འགན་གཙང་ལེན་པའི་རྣམ་པའི་ཐོག་ནས་དོ་དམ་དང་སྐུལ་འདེད་གཏོང་རྒྱུ་སྤྱི་འདོམས་བྱས་པ་རེད།  གཞན་ཡང་གྲོ་མོ་རྫོང་གིས་ད་དུང་ཞིང་འབྲོག་ཁྱད་ལྡན་ཐོན་ལས་སོགས་ལེགས་ཆའི་ཐོན་ཁུངས་ལ་གཞི་ཚུཌ་ཏེ་ཐོན་ལས་ལ་བརྟེན་ནས་གྲོང་ཚོ་སྟོབས་ཆེར་གཏོང་རྒྱུ་མངོན་གསལ་དོད་པོ་ཡོང་བ་བྱས་ནས་གྲོ་མོའི་ཉ་དང་ཕག་རིའི་འབྲི་གཡག་སོཌ་ཐོན་ལས་རྟེན་གཞི་ཆེན་པོ་བཅུ་གཙོ་གནད་ཐོག་བསྐྲུན་པས་ཤང་ཚང་མར་ཁྱད་ལྡན་ཐོན་ལས་ཡོད་པ་དང་།  གྲོང་ཚོ་ཚང་མའི་ཁེ་ཕན་མཉམ་འབྲེལ།  དུད་ཚང་ཚང་མར་འབབ་འཕར་ཡོད་པ་བཅས་མངོན་འགྱུར་བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།