སྣང་རྫོང་གིས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དོ་དམ་སྐོར་ལ་སྒྲོག་འགྲེལ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-04-19 17:40:59

འདི་ག་ཚགས་པར་ཁང་དུ་བྲག་ཡིབ་ནས་གློག་འཕྲིན་འབྱོར་གསལ།  དབྱར་རྩྭ་དགུན་འབུ་སྔོག་འཐུའི་དོ་དམ་ལས་དོན་ལ་སྔར་བས་དམ་འཛིན་བྱས་ནས་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལས་དོན་ཁྲིམས་དང་སྒྲིག་སྲོལ་བཞིན་སྒྲུབ་ཐུབ་པར་བྱ་ཆེད།  ཉེ་ཆར་སྣང་རྫོང་གི་འབྲེལ་ཡོད་སྡེ་ཚན་ལས་གྲུབ་པའི་སྒྲོག་འགྲེལ་ཚོགས་ཆུང་6ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་དེ་སྲིད་ཇུས་ཁྲིམས་སྲོལ་སྒྲོག་འགྲེལ་བྱས་པ་རེད།

སྒྲོག་འགྲེལ་བྱེད་རིང་།  སྒྲོག་འགྲེལ་ཚོགས་ཆུང་ཁག་གིས་དོན་དངོས་ལ་བསྟུན་རྒྱུར་སྣང་ཆེན་དང་།  གནད་དོན་གྱི་ཕྱོགས་སྟོན་ལ་སྣང་ཆེན། དོགས་གནད་སེལ་རྒྱུར་སྣང་ཆེན་བཅས་བྱས་པ་མ་ཟད།  མང་ཚོགས་ཀྱིས་ཉན་སྤྲོ་བ་དང་། གོ་ཐུབ་པ།  དང་ལེན་ཐུབ་པ་བཅས་ཀྱི་སྐད་ཆར་བརྟེན་ནས་གཙོ་གནད་ཐོག《སྣང་རྫོང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དོ་དམ་ལས་དོན་གྱི་ཇུས་གཞི》དང《སྣང་རྫོང་གི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་ལག་བསྟར་ཞིབ་སྲོལ(ཚོད་ལྟའི་ལག་བསྟར)》དང《ཀྲུང་ཧྭ་མི་དམངས་སྤྱི་མཐུན་རྒྱལ་ཁབ་ཀྱི་རྩྭ་ཐང་བཅའ་ཁྲིམས》སོགས་འབྲེལ་ཡོད་བཅའ་ཁྲིམས་དང་ཁྲིམས་སྲོལ་ལ་དམིགས་ནས་མང་ཚོགས་ལ་དོན་ཟབ་གོ་བདེ་ངང་འགྲེལ་བཤད་དང་སྒྲོག་འགྲེལ་བྱས་པ་རེད།  ད་རེས་ཀྱི་སྒྲོག་འགྲེལ་བྱེད་ཐེངས་མང་ལ་ནང་དོན་ཕུན་སུམ་ཚོགས་པ་དང་ཁྱབ་རྒྱ་ཆེ་ཞིང་།  སྒྲོག་འགྲེལ་ཚོགས་ཆུང་ཁག་ཤང(གྲོང་རྡལ)དང་གྲོང་ཚོ(གྲོང་ལྷན)ཁག་ཏུ་བསྐྱོད་ནས་སྣང་རྫོང་གི་2019ལོའི་དབྱར་རྩྭ་དགུན་འབུ་སྔོག་འཐུའི་དོ་དམ་གྱི་སྒྲོག་འགྲེལ་ལས་དོན་ཧུར་ཐག་སྤེལ་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།