གེཌ་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:37

གསར་འགོད་པར་གཉའ་ལམ་རྫོང་ནས་ཤེས་རྟོགས་བྱུང་གསལ། ཟླ་2ཚེས་24ཉིན་གྱི་ཆུ་ཚོད་16ལ་གཉའ་ལམ་རྫོང་དུ་གངས་ཆེན་པོ་བབས་པ་དང་ཟླ་2ཚེས་25ཉིན་གྱི་ཆུ་ཚོད་17བར་གངས་འབབ་ཚད་བསྡོམས་འབོར་16mmཟིན་པ་དང་གངས་གསོག་ཐེབས་ཚད་92cmཟིན་ཡོད་པ་རེད།

གེགས་སེལ་ལས་དོན་ཡག་པོ་སྒྲུབ་ཆེད་གཉའ་ལམ་རྫོང་གིས་གཞིས་རྩེ་གྲོང་ཨུད་ཀྱི་བླང་བྱ་ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ནས་ནུས་ཤུགས་ཡོད་རྒུས་བདེ་འཇགས་ཀྱི་འདུ་ཤེས་ཟབ་ཏུ་གཏོང་བ་དང་། ཉེན་ཟོན་སྔོན་འགོག་ཆེ་རུ་གཏོང་བ། འཕྲལ་སྡོམ་སྔོན་ཇུས་འཐུས་སྒོ་ཚང་དུ་གཏོང་བ། འཕྲལ་སྡོམ་དངོས་པོ་གྲབས་གསོག་བྱེད་པ། གེགས་སེལ་འདུ་ཤེས་ཟབ་ཏུ་གཏོང་བ། ཆ་འཕྲིན་མྱུར་དུ་སྐྱེལ་བ། འཕྲལ་སྡོམ་གྱི་ལས་གནས་བརྟན་སྲུང་བྱེད་པ། གློག་ཤུགས་འགན་ལེན་བྱེད་པ། འགྲིམ་འགྲུལ་བདེ་འཇགས་ཡོང་བར་བྱེད་པ། འཕྲིན་གཏོང་ཤར་བགྲོད་ཐུབ་པར་བྱེད་པ། ས་གཤིས་ཀྱི་གནོད་འཚེ་འགོག་བཅོས་བྱེད་པ། ལམ་མྱུར་དུ་གཤོང་བ་སོགས་ཀྱི་ལས་དོན་བཀོད་སྒྲིག་བྱས་ཏེ་གེགས་འགོག་གེགས་སེལ་གྱི་ལས་དོན་ཏན་ཏིག་སྤེལ་ནས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་འགན་ལེན་བྱས་ཡོད་པ་རེད།

མིག་སྔའི་བར་གེགས་བར་བྱུང་བའི་གནས་ཚུལ་གྱི་སྙན་སེང་འབྱོར་མེད་ལ་རྫོང་ཡོངས་ཀྱི་འཕྲིན་གཏོང་རྒྱུན་གཏན་དང་། འཚོ་བའི་སྒྲིག་ལམ་རྒྱུན་གཏན་བཞིན་ཡིན་པ་མ་ཟད། དངོས་ཟོག་འདོན་སྤྲོད་འདང་ངེས་ཡོད་པས་གེགས་སེལ་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ་ནས་སྤྱི་ཚོགས་ཀྱི་དུས་བབ་བརྟན་པོ་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།