རང་ལྗོངས་ཀྱིས“ལྗོན་ཤིང་མེད་པའི་ ཚན་པ”མི་ལྷག་པ་བྱ་རྒྱུ་ཡིན་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:35

ཚེས་27ཉིན་གྱི་སྔ་དྲོར། ལྗོངས་ཡོངས་སུ“ལྗོན་ཤིང་མེད་པའི་ཚན་པ”མི་ལྷག་པ་བྱེད་པ་དང་སྤུས་ཚད་མཐོར་གཏོང་དང་ལྗང་མདོག་ཁ་སྣོན་བྱ་སྤྱོད་ཀྱི་བཀོད་སྒྲིག་ཚོགས་འདུ་འཚོགས་པ་རེད། ཧྲུའུ་ཅི་ཝུའུ་དབྱིང་ཅེའི་འབྲེལ་ཡོད་མཛུབ་སྟོན་བླང་བྱ་དང་ལྗོངས་སྲིད་གཞུང་གི་འབྲེལ་ཡོད་གཏན་འབེབས་ལག་བསྟར་དོན་འཁྱོལ་བྱ་ཆེད། རང་སྐྱོང་ལྗོངས་ནགས་ལས་དང་རྩྭ་ཐང་ཅུས་ཀྱི་འགན་འཁུར་བློ་མཐུན་གྱིས་འབྲེལ་ཡོད་ཀྱི་ལག་བསྟར་ཇུས་གཞི་སྒྲོག་སྦྱངས་བྱས་པ་རེད།

ཚོགས་འདུའི་ཐོག་བསྟན་དོན། “ལྗོན་ཤིང་མེད་པའི་ཚན་པ”མི་ལྷག་པ་བྱེད་པ་དང་སྤུས་ཚད་མཐོར་གཏོང་དང་ལྗང་མདོག་ཁ་སྣོན་གྱི་བྱ་སྤྱོད་སྤེལ་བ་ནི་རྒྱལ་ཁབ་ཀྱི་ས་ཆ་སྔོ་འགྱུར་བྱ་སྤྱོད་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་གལ་ཆེའི་གྲུབ་ཆ་ཞིག་དང་། ལྗོངས་ཏང་ཨུད་དང་སྲིད་གཞུང་གིས“ལྗོན་ཤིང་མེད་པའི་གྲོང་ཚོ་དང་ལྗོན་ཤིང་མེད་པའི་དུད་ཚང”མི་ལྷག་པ་བྱེད་པའི་རྨང་གཞིའི་ཐོག་ཡང་བསྐྱར་བཏོན་པའི་གལ་ཆེའི་འཐབ་ཇུས་ཤིག མི་དམངས་མང་ཚོགས་ཀྱི་ལྗང་མདོག་སྣོད་བཅུད་ཀྱི་དགོས་མཁོ་སྐོང་བ་དང་བདེ་སྐྱིད་སྟོན་གྲངས་ཆེ་རུ་གཏོང་བའི་གལ་ཆེའི་བྱེད་ཐབས་ཤིག་བཅས་རེད། འདི་ལོའི་ལོ་མཇུག་གོང་། ལྗོངས་ཡོངས་ཀྱི་ས་བབ་མཐོ་ཚད་སྨི་4300མན་གྱི་ས་ཁུལ་གྱི་རིམ་ཁག་ལས་ཁུངས་དང་། ཚོགས་པ། དཔུང་སྡེ་སོགས་ཀྱིས་ཕྱོགས་ཡོངས་ནས་འབྲེལ་ཡོད་ལས་དོན་ལེགས་སྒྲུབ་བྱས་ཏེ་འོས་འགན་ཤིང་འཛུགས་གཞི་100%ཟིན་པ་དང་། ཤིང་རྐང་ཁྲི་100ཡན་འཛུགས་པ། ལས་ཁུངས་ཀྱི་སྒོ་ར་སྔོ་འགྱུར་མུའུ་ཁྲི་3ཡན་ཟིན་པ། ཁག་དང་པོའི་མེ་ཏོག་ལྡུམ་རྭའི་ཚན་པ་30ཡན་བསྐྲུན་པ་བཅས་བྱས་ཏེ་ལས་ཁུངས་ཀྱི་སྒོ་ར་སྔོ་འགྱུར་དང་། སྔོ་འགྱུར་ཁྱབ་ཚད། མི་རེའི་ཆ་སྙོམས་ཀྱི་སྔོ་འགྱུར་རྒྱ་ཁྱོན་ཆེ་རུ་གཏོང་བ་དང་། ལས་བྱེད་པ་དང་ལས་བཟོའི་སྣོད་བཅུད་ཤེས་དཔལ་གྱི་འདུ་ཤེས་མངོན་གསལ་དོད་པོས་ཟབ་ཏུ་བཏང་ནས་ལྗང་མདོག་དང་། དྲོ་སྐྱིད། ཞི་མཐུན་བཅས་ཀྱི་ལས་ཀ་དང་འཚོ་བའི་ཁོར་ཡུག་ཅིག་ཆགས་པར་བྱེད་དགོས། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།