“སྣེ་ཁྲིད་པའི”འཇོན་ཐང་དེ་བས་ཆེ་རུ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:34

གཞིས་རྩེ་གྲོང་ཁྱེར་གྱིས་གཞི་རིམ་ཏང་འཛུགས་སྐྱོང་གི་ལས་དོན་དང་ལྷག་པར་དུ་ཞིང་འབྲོག་ཁུལ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་དཔུང་ཁག་ལ་དམ་པོར་དམིགས་པ་དང་ཕྱོགས་བསྡུས་བྱང་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པ་ཞིང་འབྲོག་ཁུལ་གྱི་འཕེལ་རྒྱས་སྣེ་ཁྲིད་པར་འགྱུར་རྒྱུ་འགན་ལེན་གྱིས་གདོང་ལེན་དཔེ་བཟང་གི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་ཞིང་འབྲོག་ཁུལ་དུ་ཏང་གི་སྲིད་སྐྱོང་རྨང་གཞི་བརྟན་དུ་བཏང་ཡོད།

སྟོབས་ཤུགས་ནུས་པ་ཆེ་རུ་བཏང་ནས་འཇོན་ཐང་ཆེ་རུ་བཏང་བ།

གྲོང་ཁྱེར་དང་། རྫོང་། ཤང་བཅས་ཀྱི་ལས་ཁུངས་ནས་ཕུལ་བྱུང་ན་གཞོན་ལས་བྱེད་པ་169གྲོང་ཚོར(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅིའི་འགན་འཁུར་བར་བཏང་བ་དང་། ལྗོངས་ཏང་ཨུད་རྩ་འཛུགས་པུས་རང་སྐྱོང་ལྗོངས་དང་། གྲོང་ཁྱེར། རྫོང་། ཤང་བཅས་ཀྱི་ཏང་སྲིད་ལས་ཁུངས་ཀྱི་ལས་བྱེད་པ་དང་། ལྷག་པར་དུ་ཕུལ་བྱུང་ན་གཞོན་ལས་བྱེད་པ་དང་རྗེས་གྲབས་ལས་བྱེད་པ་1673འདེམས་གཏོང་བྱས་ནས་གྲོང་ཚོར(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོའི་འགན་འཁུར་རྒྱུར་གཞོགས་འདེགས་བྱ་རྒྱུ་ཁྱོན་ཡོངས་ལ་ཁྱབ་པ། ལོ་གསུམ་དང་དེ་བཞིན་དེ་ཡན་གྱི་ལས་ཀའི་ཉམས་མྱོང་དང་། གཞི་རིམ་ལས་དོན་ལ་རྒྱུས་མངའ་ཡོད་པའི་ཤང་གྲོང་གཞུང་ཞབས་པའི་ཁྲོད་ནས་ཕུལ་བྱུང་གི་ན་གཞོན་རྗེས་གྲབས་ལས་བྱེད་པ་502འདེམས་གཏོང་བྱས་ཏེ་གྲོང་ཚོར(གྲོང་ལྷན)སློབ་ཆེན་ཐོན་པའི་གྲོང་དཔོན་བྱེད་པར་བཏང་བ། རྗེས་གྲབས་ལས་བྱེད་པའི་དཔུང་ཁག་འཛུགས་སྐྱོང་བྱེད་པ་བཅས་རེད།

ལོ་ལྟར་གྲངས་འབོར་ངེས་ཅན་གྱི་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་ཨང་དང་པོ་དང་སློབ་ཆེན་ཐོན་པའི་གྲོང་དཔོན་ཁ་གཏད་རོགས་སྐྱོར་གྱི་ཞིང་ཆེན་དང་གྲོང་ཁྱེར་གྱི་གྲོང་ཚོར(གྲོང་ལྷན)གནས་སྦྱར་སྦྱོང་བརྡར་དང་དེ་བཞིན་གྲངས་འབོར་ངེས་ཅན་གྱི་གྲོང་ཚོའི(གྲོང་ལྷན)“ཨུ་ལྷན་གཉིས”ཚན་ཁག་གི་ཁོངས་མི་ནང་སར་སློབ་སྦྱོང་དང་རྟོག་ཞིབ་བྱེད་པར་བཏང་ནས་སློབ་སྦྱོང་དང་གསོ་སྦྱོང་བྱེད་ཤུགས་ཆེ་རུ་བཏང་ཡོད།

ཐོབ་ཐང་ལེགས་སུ་བཏང་ནས་སྒུལ་ཤུགས་ཆེ་རུ་བཏང་བ།

2017ལོ་ནས་བཟུང་། ལོ་ལྟར་ཆེད་སྤྱོད་མ་དངུལ་སྒོར་ཁྲི་541.8བཏང་ནས་གྲོང་ཚོར་གྲོང་ཚོའི(གྲོང་ལྷན)ཏང་ཀྲི་པུའི་ཧྲུའུ་ཅི་བྱེད་པར་མངགས་པའི་ལས་ཁུངས་ཀྱི་ལས་བྱེད་པར་འཚོ་བའི་ཁ་གསབ་སྤྲོད་པ་དང་སྦྲགས། ཆེད་སྤྱོད་མ་དངུལ་བཏང་ནས་ལས་གནས་ལས་ཁ་བྲལ་བའི་ལས་བྱེད་པ་སོགས་ལ་འཚོ་བའི་ཁ་གསབ་སྤྲད་པ་དང་། ཧྲུའུ་ཅི་ཨང་དང་པོ་དང་སློབ་ཆེན་ཐོན་པའི་གྲོང་དཔོན་གྱི་ཐོབ་ཐང་དོན་འཁྱོལ་ནན་ཏན་བྱས་ཡོད། དུས་ཐོག་ཏུ་ཧྲུའུ་ཅི་ཨང་དང་པོ་དང་སློབ་ཆེན་ཐོན་པའི་གྲོང་དཔོན་ལ་ཁྱིམ་ཚང་འཛུགས་དངུལ་སྒོར་5000སྤྲད་ནས། གཞི་རྩའི་ལས་ཀ་དང་འཚོ་བའི་ཆ་རྐྱེན་འགན་ལེན་བྱས་པ་མ་ཟད། གྲོང་སྡོད་ལས་ཀའི་དོན་དངོས་སྒྲུབ་པའི་གྲོན་དངུལ་ཁྲོད་ནས་10%བཏོན་ཏེ་ཧྲུའུ་ཅི་ཨང་དང་པོའི་ལས་ཀའི་གྲོན་དངུལ་ལ་སྤྲད་ཡོད།

འཐབ་ས་བཏོད་ནས་འཇོན་ནུས་ཆེ་རུ་བཏང་བ།

2018ལོར་འཆར་འགོད་ལས་ཁུངས་སྒྲིག་འཛུགས་ཀྱིས་རྫོང(ཆུས)18དུ་ཟབ་སྐྱོད་ཀྱིས་བསྐྱར་སྐྲུན་རྒྱས་སྐྲུན་བྱ་རྒྱུའི་གྲོང་ཚོ(གྲོང་ལྷན)966གི་གནས་ཡུལ་འདེམས་པ་དང་དངོས་ཞིབ་ལས་དོན་སྤེལ་བ་དང་སྦྲགས། ནུས་པའི་བཀོད་པ་ལེགས་སུ་བཏང་ནས་གསར་སྐྲུན་བྱས་པའི་ཁང་པར་སྒོ་རྩིས་ཚོང་ཁང་དང་། ཇ་ཁང་། དམངས་ཕན་ཞབས་ཞུའི་ཚོམས་ཆེན་སོགས་ཡོད་པ་དང་། རྒྱལ་དར་འཛུགས་སྟེགས་དང་། སྤྱི་པའི་གསང་སྤྱོད། འཁྲུད་ཁང་སོགས་སྒྲིག་བཀོད་ཆ་ཚང་པོ་ཡོད། དེ་བཞིན་འཛུགས་སྐྲུན་དང་དོ་དམ་གལ་ཆེ་མཉམ་འཛིན་བྱས་ཤིང་། གྲོང་ཚོ་རིམ་པའི་བྱེད་སྒོ་ཁང་གི་དོ་དམ་དང་བེད་སྤྱོད་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་ཐོག “འཛུགས་སྐྲུན་ལ་སྣང་ཆེན་གྱིས་དོ་དམ་ལ་ལྷོད་གཡེང་གཏོང་བ་དང་། བྱེད་སྒོ་ཁང་ཡོད་ཀྱང་བྱེད་སྒོ་མེད་པའི”གནད་དོན་ཐག་གཅོད་ཤུགས་ཆེན་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།