ཁྲིམས་འགལ་གྱི་སྐྱེལ་འདྲེན་བཅོས་སྒྲིག་ལས་དོན་ལ་ཞིབ་བཤེར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:34

ཉེ་ཆར། ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་ཅུས་ཀྱི་ལས་དོན་མི་སྣ་སྔ་རྗེས་སུ་དམག་ཁུལ་སྤྱི་ཁྱབ་སྨན་ཁང་དང་། ལྷ་ས་ཟམ་ཆེན། མལ་གྲོ་གུང་དཀར་རྫོང་། སྟག་རྩེ་ཆུས་སོཌ་སུ་ཡོང་ནས་ཁྲིམས་འགལ་གྱི་གཉེར་སྐྱོང་སྐྱེལ་འདྲེན་གྱི་ཆེད་དོན་བཅོས་སྒྲིག་ལས་དོན་ལ་ཞིབ་བཤེར་མཛུབ་ཁྲིད་བྱས་པ་རེད།

ཞིབ་བཤེར་ཚོགས་ཆུང་གིས་གྲོང་ཁྱེར་འགྲིམ་འགྲུལ་ཕྱོགས་བསྡུས་ཁྲིམས་འཛིན་ཉིང་ལག་རུ་ཁག་གིས་ཁྲིམས་འཛིན་ནུས་པ་སྔར་བས་ཆེ་རུ་གཏོང་བ་དང་། ཐག་རིང་ནས་ཁྲིམས་འཛིན་དང་གྲོང་ཁྱེར་ནང་སྐོར་ཞིབ་ཟུང་འབྲེལ་བྱེད་རྒྱུ་མཐའ་འཁྱོངས་བྱེད་པ་བཅས་བྱས་ཏེ། ཁྲིམས་འགལ་གཉེར་སྐྱོང་སྐྱེལ་འདྲེན་གྱི་བྱེད་སྤྱོད་ལ་རྡུང་རྡེག་ནན་པོ་གཏོང་དགོས་ཤིང་། རྫོང་དང་ཆུས་ཁག་གི་འགྲིམ་འགྲུལ་སྐྱེལ་འདྲེན་ཅུས་ཀྱིས་《ལྷ་ས་གྲོང་ཁྱེར་གྱི་ཁྲིམས་འགལ་གཉེར་སྐྱོང་སྐྱེལ་འདྲེན་རླངས་འཁོར་མཉམ་འབྲེལ་བཅོས་སྐྱོང་ལས་དོན་གྱི་ཇུས་གཞིའི》བླང་བྱ་གཞིར་བཟུང་རྒྱ་ཆེའི་ཞིང་འབྲོག་མང་ཚོཌ་ལ་ཁྲིམས་ལུཌ་དྲིལ་བསྒྲགས་བྱེད་ཤུཌ་ཆེ་རུ་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་རྫོང་དང་ཆུས་ཀྱི་སྤྱི་བདེ་འགྲིམ་འགྲུལ་ཉེན་རྟོག་སྡེ་ཚན་ལ་གཞོགས་འདེགས་བྱས་ཏེ་རྫོང་དང་ཆུས་ཀྱི་ལམ་བུའི་སྐྱེལ་འདྲེན་ཁྲོམ་རའི་སྒྲིག་ལམ་སོགས་ལ་སྲུང་སྐྱོབ་ཏན་ཏིག་བྱེད་དགོས་པའི་བླང་བྱ་བཏོན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།