མལ་གྲོ་གུང་དཀར་རྫོང་གི་2018ལོའི་དཔལ་འབྱོར་འཁོར་རྒྱུག་བརྟན་ཐོག་ཡར་འཕེལ་བྱུང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:31

2018ལོར་སྔོན་དཔག་བྱས་ན་མལ་གྲོ་གུང་དཀར་རྫོང་གི་ཐོན་སྐྱེད་རིན་ཐང་བསྡོམས་འབོར་སྒོར་དུང་ཕྱུར་33.5ཟིན་པ་དེ་དུས་མཚུངས་ལས་9.5%འཕར་བ་དང་། སྤྱི་ཚོགས་ཡོངས་ཀྱི་གཏན་འཇགས་རྒྱུ་ནོར་ལ་མ་དངུལ་གཏོང་ཚད་དུས་མཚུངས་ལས་14.86%འཕར་བ། སྤྱིར་བཏང་གི་སྤྱི་པའི་སྔོན་རྩིས་ཡོང་འབབ་སྒོར་དུང་ཕྱུར་4.11ཟིན་པ་དེ་དུས་མཚུངས་ལས་8%འཕར་བ། གཞི་ཁྱོན་ཡན་གྱི་བཟོ་ལས་ཀྱི་རིན་ཐང་འཕར་མ་དུས་མཚུངས་ལས་5%འཕར་བ། སྤྱི་ཚོགས་ཀྱི་འཛད་སྤྱོད་དངོས་རྫས་སིལ་འཚོང་བསྡོམས་འབོར་སྒོར་དུང་ཕྱུར་4.22ཟིན་པ་དེ་དུས་མཚུངས་ལས་14.05%འཕར་བ། གྲོང་གསེབ་ཀྱི་གྲོང་མི་མི་རེའི་ཆ་སྙོམས་བཀོལ་སྤྱོད་ཆོག་པའི་ཡོང་འབབ་སྒོར་14360ཟིན་པ་དེ་དུས་མཚུངས་ལས་11%འཕར་ཡོད། དཔལ་འབྱོར་འཕར་རྗེས་ཀྱི་ལེགས་ཆ་རིམ་བཞིན་མངོན་གསལ་དོད་དུ་སོང་ནས་བརྟན་ལྷིང་རང་བཞིན་དང་མཉེན་ཤུགས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད། གྲོང་ཁྱེར་དང་གྲོང་རྡལ་གྱི་ལས་ཤོར་ཐོ་བཀོད་བྱེད་ཚད་2.2%ནང་ཚུན་ཚོད་འཛིན་ཐུབ་ནས་ཅུང་ལེཌ་པའི་སྤྱི་ཚོགས་ཀྱི་ལས་ཞུགས་རྣམ་པ་རྒྱུན་འཁྱོངས་བྱས་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།