སློབ་ཆེན་སློབ་མའི་ལས་གཏོད་ཁེ་ལས་19བར་མང་དུ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:31

ཉེ་ཆར་གསར་འགོད་པར་ལྷུན་གྲུབ་རྫོང་བཟོ་འཕྲིན་ཅུས་ནས་ཤེས་རྟོགས་བྱུང་བར། 2018ལོའི་ལོ་འགོར་ལྷུན་གྲུབ་རྫོང་གིས་གཞོན་ནུའི་ལས་གཏོད་མཐུན་ཚོགས་བཙུགས་ཤིང་། མིག་སྔར་ལྷུན་གྲུབ་རྫོང་དུ་སློབ་ཆེན་སློབ་མའི་ལས་གཏོད་ཁེ་ལས་19ཡོད་པ་དང་སློབ་ཆེན་སློབ་མ་84དེའི་ནང་ཞུགས་ཡོད་པ་རེད།

ལྷུན་གྲུབ་རྫོང་བཟོ་འཕྲིན་ཅུས་ཀྱི་ཅུས་ཀྲང་བློ་བཟང་ནོར་བུས་ངོ་སྤྲོད་བྱས་པར། ལྷུན་གྲུབ་རྫོང་གི་སློབ་ཆེན་སློབ་མའི་ལས་གཏོད་དང་འབྲེལ་བ་ཡོད་པའི་ལས་རིགས་ནང་ཞོག་ཁོག་འདེབས་འཛུགས་དང་། ནས་ལས་སྣོན། བོད་སྨན་ལས་སྣོན། སྐྱེད་ཚལ་ལྗང་འགྱུར། ལྡེབས་རིས་ལག་ཤེས་སྒྱུ་རྩལ། ཨར་ཁང་གསོལ་མགྲོན་ཁང་། ཁེ་ལས་དོ་དམ། བརྡ་ཆ་ཇུས་འགོད། འཚེམ་དྲུབ་སྒྱུ་རྩལ་སོཌ་ཚུད་ཡོད། ལས་གཏོད་བརྒྱུད་རིམ་ཁྲོད་ཁེ་ལས་ཁག་གིས་ཡུལ་དེ་གའི་སློབ་ཆེན་སློབ་མའི་ལས་ཞུགས་ཐག་གཅོད་བྱེད་པ་ཕུད་ད་དུང་ཞིང་འབྲོག་པ་ལས་ཞུགས་བྱ་རྒྱུར་སྐུལ་ཁྲིད་ནུས་ལྡན་བྱས་ཡོད་པ་རེད།

གསར་འགོད་པར་ཤེས་རྟོགས་བྱུང་གསལ། ཉེ་ཆར་ལྷུན་གྲུབ་རྫོང་གིས་ད་དུང་2018ལོའི་སློབ་ཆེན་སློབ་མའི་ལས་གཏོད་ཕྱོགས་བསྡོམས་གཟེངས་བསྟོད་ཚོགས་ཆེན་འཚོགས་ཏེ་སློབ་ཆེན་སློབ་མའི་ལས་གཏོད་ཁེ་ལས་མཉམ་དུ་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།