གྲོང་ཚོ་རིམ་པའི་ཆབ་སྲིད་སློབ་གསོ་མང་ཚོཌ་དང་དེ་བས་ཐག་ཉེ་རུ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:23

ཉེ་དུས། རྩྭ་མདའ་རྫོང་གིས་དུས་ཡུན་ཉིན་7གྱི་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ཆབ་སྲིད་སློབ་གསོའི་གསོ་སྦྱོང་འཛིན་གྲྭ་གཉེར་ཞིང་། མང་ཚོགས་དང་འབྲེལ་འདྲིས་མི་ཐུབ་པ་དང་། ནང་དོན་ཆོ་མེད་པ། སློབ་ཚན་དོན་དངོས་དང་མི་མཐུན་པ་སོགས་ཀྱི་གནད་དོན་ལ་དམིགས་ནས། སློབ་སྦྱོང་གི་གཞི་རྟེན་ཕུན་སུམ་ཚོགས་སུ་བཏང་བ་དང་ནང་དོན་གྱི་ཞན་ཆ་གསབ་ནས་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ཆབ་སྲིད་སློབ་གསོ་གསོ་སྦྱོང་ཐད་གསོན་ཤུགས་གསར་པ་མངོན་པ་བྱས་པ་དང་། གསོ་སྦྱོང་འཛིན་གྲྭ་དེ་ཉིད་གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་བསམ་བློ་གཅིག་གྱུར་དང་། སྟོབས་ཤུགས་གཅིག་སྡུད། གནད་དོན་འཚོལ་ཞིབ་དང་ལས་གཏོད་བཅས་ཀྱི“སྣུམ་སྣོན་ས་ཚིགས”སུ་དངོས་འབྲེལ་འགྱུར་བ་བྱས་ཏེ། གྲོང་ཚོའི(གྲོང་ལྷན)ལས་བྱེད་པའི་ཏང་གཤིས་བློ་སྦྱོང་དང་བྱང་ཚད་སྔར་བས་མཐོ་རུ་བཏང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།