ཆབ་མདོའི་ཁེ་ལས་བརྒྱས་གྲོང་ཚོ་བརྒྱ་དབུལ་སྒྲོལ་ཡོང་རོཌ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:23

ཆབ་མདོ་གྲོང་ཁྱེར་གྱིས“ཁེ་ལས་བརྒྱ་ཡིས་གྲོང་ཚོ་བརྒྱར་རོགས་རམ་བྱེད་པའི”གནད་སྨིན་དབུལ་སྐྱོར་བྱ་སྤྱོད་སྤེལ་ཚུན། དམངས་གཉེར་ཁེ་ལས་85སྒྲིག་འཛུགས་བྱས་ཏེ་ཆབ་མདོ་གྲོང་ཁྱེར་གྱི་གྲོང་ཚོ་107ལ་བྱེད་སྒོ་སྤེལ་རོགས་བྱས་པ་དང་། རིམ་རྩིས་ལྟར་ན་དངོས་ཟོག་སྣ་ཚོགས་ལ་རིན་གོང་སྒོར་ཁྲི་1792.64བཏང་ནས་མང་ཚོགས་དུད་ཚང་2488དང་མི་9291ལ་རོགས་རམ་བྱས་པའི་ནང་། ཡིག་ཚགས་དང་གཱ་བཟོས་པའི་དུད་ཚང་1310དང་མི་3427ཚུད་དེ་ཕན་འབྲས་མངོན་གསལ་དོད་པོ་ཐོན་ཡོད་པ་རེད།

དེའི་ནང་ཐོན་ལས་འཕེལ་རྒྱས་ལ་མ་དངུལ་སྒོར་ཁྲི་73.07བཏང་ནས་ཐོན་ལས་རོགས་སྐྱོར་རྣམ་གྲངས་2བསྐྲུན་པ་དང་། མ་དངུལ་སྒོར་ཁྲི་286.12བཏང་ནས་སྤྱི་ཕན་བྱེད་སྒོ་སྣ་ཚོགས་ཐེངས་100ལྷག་གཉེར་བ། མ་དངུལ་སྒོར་ཁྲི་1309.69བཏང་ནས་མི་845ལས་ཞུགས་ཐུབ་རོགས་བྱས་པ། མ་དངུལ་སྒོར་ཁྲི་12.8བཏང་ནས་མང་ཚོགས་326ལ་སྨན་བཅོས་རོགས་སྐྱོབ་བྱས་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།