ཏང་འཛུགས་སྐྱོང་ལས་དོན་དམ་འཛིན་ཡག་པོ་བྱེད་པར་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ་བྱེད་དགོས།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:23

ཏང་འཛུགས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུ་དེ་སྲིད་སྐྱོང་གནས་བབ་འགན་ལེན་བྱེད་པའི་དགོས་མཁོ་དང་། སྤྱི་ཚོགས་རིང་ལུགས་དེང་རབས་ཅན་མངོན་འགྱུར་ཡོང་བའི་འགན་ལེན། ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ཡག་པོ་སྒྲུབ་པའི་འགག་རྩ། ཏང་གི་ལམ་ཕྱོགས་དང་མཛད་ཕྱོགས་སྲིད་ཇུས་དང་ལས་དོན་ཁག་དོན་འཁྱོལ་བྱེད་པའི་དམག་འཐབ་ཀྱི་མཁར་རྫོང་ལྟ་བུ་ཞིག་བཅས་རེད། དེར་བརྟེན། ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱ་རྒྱུ་ནི་ས་གནས་ཁག་དང་ཚན་པ་ཁག་གི་ལས་དོན་གྱི་གལ་ཆེའི་ནང་གི་འགངས་ཆེན་ཞིག་རེད། དེས་ན་ལས་དོན་དེ་ཇི་ལྟར་སྒྲུབ་དགོས་སམ་ཞེ་ན།

ཏང་འཛུགས་སྐྱོང་གི་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་སློབ་སྦྱོང་དང་གསོ་སྦྱོང་སྒྲིག་འཛུགས་ཧུར་ཐག་བྱེད་དགོས། ཚན་པ་ཁག་གིས་གཟའ་འཁོར་རེར་ཉིན་གཅིག་ཏང་ཡོན་གྱི་སློབ་སྦྱོང་ཉིན་མོར་གཏན་འཁེལ་བྱས་ཏེ། གསོ་སྦྱོང་འཛིན་གྲྭ་གཉེར་བ་དང་། ཆེད་དོན་སློབ་སྦྱོང་ཚོགས་འདུ་འཚོགས་པ། ཉེན་ཟོན་སློབ་གསོའི་རྟེན་གཞིར་ལྟ་སྐོར་སོགས་ཀྱི་བྱེད་ཐབས་བརྒྱུད། ཏང་ཡོན་གྱི་གསོ་སྦྱོང་སློབ་གསོར་ཤུགས་སྣོན་རྒྱག་དགོས།

ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་ཏང་འཛུགས་སྐྱོང་གི་ལས་ཀའི་ལམ་སྲོལ་འཐུས་སྒོ་ཚང་དུ་གཏོང་དགོས། ཚན་པ་ཁག་གིས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་རྒྱུ་གཙོ་རྐང་དུ་བྱས་ཏེ་ཏང་འཛུགས་སྐྱོང་ལས་དོན་གྱི་འགན་འཁྲིའི་ལམ་ལུགས་དོན་འཁྱོལ་དང་། ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་ཚད་དཔྱད་ཞིབ་ལམ་སྲོལ་དང་ཡར་སྐུལ་ལམ་སྲོལ་འཛུགས་པ། ཏང་ནང་ཁུལ་གྱི་ཆབ་སྲིད་འཚོ་བ་ནན་དུ་གཏོང་བ། དཔྱད་ཞིབ་ཀྱི་དམིགས་ཚད་ཚད་འབེབས་བྱེད་པ། ཏང་འཛུགས་སྐྱོང་ལས་དོན་གྱི་དམིགས་ཚད་དཔྱད་ཞིབ་དང་། ལས་འགན། འགན་འཁྲི་བཅས་དོན་འཁྱོལ་བྱས་ཏེ་ལས་འགན་དང་གནད་དོན་གྱི་གསལ་ཐོ་བཟོས་ཏེ་ཁ་བཤད་ཆུ་ཡི་ལྦུ་བ། ལག་ལེན་གསེར་གྱི་ཐིགས་པ་ལྟ་བུའི་སྣང་ཚུལ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས།

ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ཡག་པོ་བྱེད་པར་དཔུང་ཁག་འཛུགས་སྐྱོང་བྱེད་ཤུགས་ཆེ་རུ་བཏང་ནས་དཔུང་ཁག་གི་རྒྱ་སྟོབས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས། ཏང་ཡོན་འཕེལ་རྒྱས་དང་གསོ་སྐྱོང་གི་ལས་དོན་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་གཙོའི་འཚོ་བའི་ཚོགས་འདུ་དང་དམངས་གཙོའི་དཔྱད་མོལ་སོགས་དུས་བཀག་ལྟར་སྤེལ་བ་བརྒྱུད། བསམ་བློ་ཀུན་སྤྱོད་ཀྱི་བྱང་ཚད་དང་ཆབ་སྲིད་ཀྱི་གོ་རྟོགས་མཐོ་བའི་ཕུལ་བྱུང་མི་སྣ་ཧུར་ཐག་བདམས་ཏེ་ཏང་ཞུགས་ཧུར་བརྩོན་ཅན་ལ་བརྩི་བ་མ་ཟད། གསོ་སྦྱོང་སློབ་གསོར་ཤུགས་སྣོན་བརྒྱབ་ནས་རྩ་འཛུགས་ཀྱི་སྟོབས་ཤུགས་ཟམ་མི་ཆད་པར་ཆེ་རུ་གཏོང་དགོས་པ་དང་རྩ་འཛུགས་ཀྱི་འབོད་སྐུལ་ནུས་པ་དང་ཤུགས་རྐྱེན་ཐེབས་ཤུགས་ཀྱང་ཆེ་རུ་གཏོང་དགོས།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།