བྱ་ཐབས་ལྔ་སྤྱད་ནས་གཞི་རིམ་གྱི་ཏང་འཛུཌ་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-03-01 10:36:23

ཉེ་ཆར། ལྷོ་ཁ་གྲོང་ཁྱེར་གྱིས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་སྒྲུབ་ཚུལ་གྱི་སྙན་ཞུ་དང་དཔྱད་མོལ་ཚོགས་འདུ་འཚོགས་ཤིང་། ཚོགས་ཞུཌ་མི་སྣས་གྲོང་ཁྱེར་ཡོངས་ཀྱི་རྫོང(ཆུས)ཨུད་12ཀྱི་ཧྲུའུ་ཅི་དང་གྲོང་ཁྱེར་ཐད་གཏོགས་ཁོངས་གཏོགས་ཁག་གི་ཏང་གི་ལས་དོན་ཨུ་ལྷན་གྱི་ཧྲུའུ་ཅིའི2018ལོའི་གཞི་རིམ་གྱི་ཏང་འཛུཌ་སྐྱོང་ལས་དོན་དམ་འཛིན་གྱི་ཚད་ལེན་དཔྱད་བསྡུར་བྱས་པ་རེད།

ཚོགས་འདུའི་ཐོག་རིམ་ཁག་ཏང་རྩ་འཛུགས་དང་རྒྱ་ཆེའི་ཏང་ཡོན་ལས་བྱེད་པས་ཕྱོགས་ཡོངས་ནས་ཏང་ནན་པོས་སྐྱོང་དགོས་པ་དང་རུལ་སུངས་ལ་ངོ་རྒོལ་གྱི་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་བླང་བྱ་སློབ་སྦྱོང་གཏིང་ཟབ་དང་གོ་བ་གསལ་པོ་ལེན་པ་དང་འབྲེལ། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱས་ནས་གཞི་རིམ་གྱི་ཏང་འཛུགས་སྐྱོང་ལས་དོན་ལ་སྐུལ་འདེད་གཏོང་དགོས་པ་དང་། ཐོག་མཐའ་བར་གསུམ་དུ་ཏང་གི་ཆབ་སྲིད་འཛུགས་སྐྱོང་དེ་ཨང་དང་པོར་འཇོག་རྒྱུ་དང་། “འདུ་ཤེས་བཞི”ཟབ་ཏུ་གཏོང་རྒྱུ། “སྲུང་སྐྱོང་གཉིས”ཐུབ་པ་བྱ་རྒྱུ་བཅས་ཆབ་སྲིད་ཀྱི་རྩ་དོན་མཐོ་ཤོས་ལ་བརྩིས་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་དང་ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་ལ་སྲུང་སྐྱོང་མཐའ་གཅིག་ཏུ་བྱེད་དགོས་པ། གུང་ཁྲན་ཏང་མིའི་དད་སེམས་བརྟན་པོར་སྲུང་བ་དང་ཕུགས་བསམ་དང་དད་སེམས་བརྟན་དུ་བཏང་སྟེ། ཁ་ཕྲལ་ལ་ངོ་རྒོལ་དང་བརྟན་ལྷིང་ལ་སྲུང་སྐྱོང་བྱེད་པའི་ཐད་རིག་པ་དྭངས་གསལ་དང་། ལངས་ཕྱོགས་བརྟན་པོ། བྱ་ཐབས་འཕྲལ་ཐག་ཆོད་པོ་བཅས་ཡོང་བ་བྱེད་དགོས་པ། རིམ་ཁག་ཏང་རྩ་འཛུགས་ཀྱིས་སློབ་སྦྱོང་རྣམ་པ་དང་། གསར་གཏོད་རྣམ་པ། ཞབས་ཞུའི་རྣམ་པ། སྣེ་ཁྲིད་རྣམ་པ། དམག་འཐབ་རྣམ་པ་བཅས་ཏེ“རྣམ་པ་ལྔའི”ཏང་རྩ་འཛུགས་འཛུགས་སྐྱོང་ལ་སྐུལ་འདེད་ཤུགས་ཆེན་གཏོང་དགོས་པ། ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིས་སྣེ་ཁྲིད་དེ་གཞི་རིམ་ཏང་འཛུགས་སྐྱོང་ལས་དོན་ལ་དམ་འཛིན་ནན་པོ་བྱས་ཏེ་ཏང་རྩ་འཛུགས་ཀྱི་ནུས་པ་འདོན་སྤེལ་བྱེད་དགོས་པ། ཏང་ཡོན་ལས་བྱེད་པས་གདོང་མཆོང་གིས་ལས་དོན་བསྒྲུབས་ཏེ་མང་ཚོགས་ལ་མིག་དཔེ་སྟོན་པ་དང་མང་ཚོགས་ཀྱི་སྣེ་ཁྲིད་དེ་ལས་དོན་ཡག་པོ་སྒྲུབ་ནས་སེམས་ནུས་དེ་བས་ཆེ་བ་ཐོན་སྐྱེད་འཕེལ་རྒྱས་དང་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་བའི་ཐད་འཇོག་དགོས་པ་བཅས་ཀྱི་ངོས་འཛིན་བྱས་པ་རེད།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།