ཁྲིམས་བཞིན་རྩིས་བཤེར་གྱི་འགན་ནུས་ལག་བསྟར་དང་། རྩིས་བཤེར་ལམ་ལུགས་སྒྱུར་བཅོས་ལ་སྐུལ་འདེད་དང་། རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་པར་སྐུལ་འདེད་གཏོང་དགོས་པའི་ནན་བཤད་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:43:01

ཚེས་25ཉིན་གྱི་སྔ་དྲོ། རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ལྷ་སར་འཚོགས་ཤིང་། ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་ཝུའུ་དབྱིང་ཅེ་ཚོགས་འདུར་ཕེབས་པ་དང་འབྲེལ་གསུང་བཤད་ཀྱང་གནང་བ་རེད། ཁོང་གིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་། སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུ་དང་། ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པ། རྒྱལ་ཡོངས་རྩིས་བཤེར་ལས་དོན་ཚོགས་འདུ་བཅས་ཀྱི་དགོངས་དོན་ལག་བསྟར་དོན་འཁྱོལ། རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དང་ལྷག་པར་དུ་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ་དུས་རབས་གསར་པའི་ཁྱད་ཆོས་གསར་པ་དང་། འགན་འཁྲི་གསར་པ། ལས་འགན་གསར་པ་བཅས་ཡང་དག་ངང་ཁོང་དུ་ཆུད་པར་བྱེད་པ་དང་། བརྟན་ལྷིང་སྲུང་སྐྱོང་རྩ་བར་འཛིན་རྒྱུ་མཐའ་འཁྱོངས་བྱེད་པ། མཐའ་ཚད་ཀྱི་བསམ་བློ་དང་སེམས་ཁྲལ་གྱི་འདུ་ཤེས་ཟབ་ཏུ་གཏོང་བ། “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡག་པོ་བྱ་རྒྱུ་རྩ་བའི་བྱེད་ཐབས་ལ་བརྩི་བ། འཕེལ་རྒྱས་དང་། བརྟན་ལྷིང་། སྣོད་བཅུད། ཏང་འཛུགས་སྐྱོང་བཅས་ལ་ཞབས་འདེགས་ཞུ་རྒྱུ་འགོ་འཛུགས་ས་དང་དོན་ལ་འབབ་སར་བརྩི་བ། ཁྲིམས་བཞིན་རྩིས་བཤེར་འགན་ནུས་སྒྲུབ་པ། རྩིས་བཤེར་ལམ་ལུགས་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ། རྩིས་བཤེར་ཁྱོན་ཡོངས་ལ་ཁྱབ་རྒྱུར་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གཡུར་ཟའི་གྲུབ་འབྲས་ཐོག་ནས་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བ་དང་བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བར་བསུ་བ་ཞུ་དགོས་པའི་ནན་བཤད་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི། ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་བཅས་ཡིན་པའི་ཆེ་དགྲ་ལྷས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གིས་ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་གྱི་ཚོགས་འདུ་ཐེངས་དང་པོའི་ཐོག་གནང་བའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དང་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་སོགས་ཏང་དང་རྒྱལ་ཁབ་ཀྱི་འགོ་ཁྲིད་བློ་མཐུན་གྱི་འབྲེལ་ཡོད་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་གནང་བ་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དང་། དྲུང་ཆེ། ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ཨུ་ཡོན་བཅས་ཡིན་པའི་ལིའུ་ཅང་དང་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་འོད་ཟེར་ཚོགས་འདུར་ཕེབས་ཡོད་པ་རེད།

ཚོགས་འདུའི་ཐོག་འབྲེལ་ཡོད་འགན་འཁུར་བློ་མཐུན་གྱིས་2018ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་རྩིས་བཤེར་ལས་དོན་གྱི་གནས་ཚུལ་དང་། 2019ལོ་འཁོར་གྱི་རྩིས་བཤེར་རྣམ་གྲངས་ཀྱི་འཆར་གཞི་དང་། 《བོད་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གྱི་ལས་དོན་གྱི་སྒྲིག་སྲོལ》《བོད་རང་སྐྱོང་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་གཞུང་ལས་ཁང་གི་ལས་དོན་གྱི་ཞིབ་སྲོལ》བཅས་སྙན་སེང་ཞུས་པ་རེད།

ཚང་མའི་གཏམ་བཤད་གསན་རྗེས་ཝུའུ་དབྱིང་ཅེས་གསུང་བཤད་གནང་ཞིང་། ཁོང་གིས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་རྩིས་བཤེར་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་གི་ཡོད་པ་དང་། ཀྲུང་དབྱང་རྩིས་བཤེར་ཨུ་ལྷན་བཙུགས་རྗེས་སྤྱི་ཁྱབ་ཧྲུའུ་ཅི་སྐུ་ངོ་མས་ཨུ་ལྷན་གྱི་ཀྲུའུ་རེན་གྱི་འགན་བཞེས་ནས་རྩིས་བཤེར་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་གནང་སྟེ་ང་ཚོས་རྩིས་བཤེར་དོ་དམ་སྒྲིག་སྲོལ་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བ་དང་། རྩིས་བཤེར་གྱི་ལས་དོན་ལ་ཤུགས་སྣོན་རྒྱག་པར་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད། ང་ཚོས་ངེས་པར་དུ“འདུ་ཤེས་བཞི”བརྟན་པོ་འཛུགས་པ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ། “སྲུང་སྐྱོང་གཉིས”མཐའ་གཅིག་ཏུ་བྱས་ཏེ་རྩིས་བཤེར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་བློ་རྩེ་གཅིག་སྒྲིམ་ངང་སློབ་སྦྱོང་བྱེད་པ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་དང་། མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་བོད་ཀྱི་ལས་དོན་སྐོར་གྱི་མཛུབ་སྟོན་དང་མཆན་བཀོད་མཛུབ་སྟོན་གལ་ཆེན་རབ་དང་རིམ་པའི་དགོངས་དོན་སློབ་སྦྱོང་བྱེད་པ་དང་ཟུང་འབྲེལ་གྱིས་དགོངས་དོན་གྱི་ངོ་བོར་གོ་བ་གཏིང་ཟབ་ལེན་པ་དང་ལྟེ་བའི་དོན་སྙིང་ཁོང་དུ་ཡང་དག་ཆུད་པར་བྱས་ནས་བསམ་བློ་དང་བྱ་སྤྱོད་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བར་བྱེད་དགོས་ཞེས་གསུངས།

 ཝུའུ་དབྱིང་ཅེས་ལྗོངས་ཏང་ཨུད་རྩིས་བཤེར་ཨུ་ལྷན་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་དོན་གྲོས་སྒྲིག་གཞི་ཞིག་གི་ངོས་ནས་སྤྱིའི་འཆར་འགོད་དང་སྤྱི་འདོམས་མཐུན་སྦྱོར་བྱེད་ཤུགས་ཆེ་རུ་བཏང་ནས་ཁ་ཕྱོགས་སྟངས་འཛིན་དང་། སྤྱི་ཡོངས་ལ་འཆར་འགོད། སྲིད་ཇུས་གཏན་འཁེལ། སྒྱུར་བཅོས་སྐུལ་གཏོང་བཅས་ཀྱི་འཇོན་ཐང་ཆེ་རུ་གཏོང་བ་དང་། བོད་ཀྱི་ལྗོངས་བབ་དང་དོན་དངོས་ལ་གཞི་ཚུགས་པ། ལྗོངས་ཏང་ཨུད་ཀྱི་ལྟེ་བའི་ལས་དོན་ལ་དམིགས་པ། ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་གལ་ཆེན་ལག་བསྟར་དོན་འཁྱོལ་གྱི་གནས་ཚུལ་ལ་རྗེས་སྙེག་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དཔལ་འབྱོར་དང་སྤྱི་ཚོགས་འཁོར་རྒྱུག་བྱེད་རིང་རིགས་ཁག་གི་ཉེན་ཁ་དང་མངོན་མེད་རྐྱེན་ངན་གསལ་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། དམངས་འཚོའི་མ་དངུལ་དང་རྣམ་གྲངས་གལ་ཆེན་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། ཁྲིམས་བཞིན་འགན་འཁྲི་འཁུར་བ། འཇོན་ཐང་ཆེན་པོ་འདོན་པ། ནོར་སྲིད་དང་དཔལ་འབྱོར་གྱི་གོ་རིམ་སྲུང་སྐྱོང་ཏན་ཏིག་བྱེད་པ། སྤྱི་སྤྱོད་མ་དངུལ་བེད་སྤྱོད་གཏོང་ཚད་ཆེ་རུ་གཏོང་བ། སྲིད་གཙང་འཛུགས་སྐྱོང་ལ་སྐུལ་འདེད་གཏོང་བ་བཅས་བྱས་ནས་དཔལ་འབྱོར་དང་སྤྱི་ཚོགས་ཀྱི་སྐྱོན་བྲལ་འཕེལ་རྒྱས་ལ་འགན་ལེན་བྱེད་དགོས་ཤིང་།

གཅིག་ནས་བོད་ཀྱི་ལས་དོན་སྐོར་གྱི་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ལ་དམ་པོར་དམིགས་ནས་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་ཐོག་གཏན་འཁེལ་བྱས་པའི་སྲིད་ཇུས་བྱ་ཐབས་དང་རང་སྐྱོང་ལྗོངས་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་འཚོགས་ཚུན། ལྗོངས་ཏང་ཨུད་ཀྱིས་གཏན་འཁེལ་བྱས་པའི་གཟིགས་སྐྱོང་སྲིད་ཇུས་སྣ་ཚོགས་ལ་རེ་རེ་བཞིན་གསེད་བཀྲོལ་བྱས་ཏེ་རྩིས་བཤེར་དོན་འཁྱོལ་གྱི་གནས་ཚུལ་ལ་རྗེས་སྙེག་བྱས་ནས་ཏང་ཀྲུང་དབྱང་དང་ལྗོངས་ཏང་ཨུད་ཀྱི་ཐབས་ཇུས་བཀོད་སྒྲིག་དོན་འཁྱོལ་དེ་བས་ལེགས་པ་དང་མི་རིགས་ཁག་གི་ལས་བྱེད་པ་དང་མང་ཚོགས་ལ་ཕན་པ་དེ་བས་ཆེ་བ་ཐོབ་པར་སྐུལ་འདེད་གཏོང་དགོས།

གཉིས་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་བཏང་ནས་བོད་ཀྱི་དོན་དངོས་ལ་གཞི་ཚུགས་པ་དང་། བོད་ཀྱི་ལས་དོན་གྱི་དམིགས་ས་དང་། ཤུགས་རྒྱག་ས། འགོ་ཚུགས་ས། དོན་ལ་འབབ་ས་བཅས་ལ་དམ་པོར་དམིགས་པ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་གྱི་སྒྱུར་བཅོས་གཏིང་ཟབ་ཏུ་གཏོང་བའི་ཡིག་འབྲུ་བརྒྱད་ཀྱི་བྱེད་ཕྱོགས་མཐའ་འཁྱོངས་ཡག་པོ་བྱེད་པ། དགེ་མཚན་ལྡན་པའི་ནོར་སྲིད་ཀྱི་སྲིད་ཇུས་ལག་བསྟར་ལ་སྐུལ་འདེད་གཏོང་བ། སྲིད་གཞུང་རང་བཞིན་གྱི་བུན་འགན་དང་། དངུལ་རྩ་སོགས་ཉེན་ཁ་ཆེ་བའི་ཁྱབ་ཁོངས་དང་ལྷུ་ཚིགས་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་རོགས་རམ་བྱེད་པ། ཚོང་གཉེར་ཁོར་ཡུག་ལེགས་སུ་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་ཧུར་ཐག་གཏོང་བ་བཅས་བྱེད་དགོས།

གསུམ་ནས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་དོན་འཁྱོལ་བྱས་ནས་དམངས་འཚོའི་སྟོན་ཕྱོགས་མངོན་གསལ་དོད་པོར་འཇོག་པ་དང་། ལས་དོན་མཐའ་དག་དམངས་འཚོ་ལེགས་གཏོང་དང་མི་སེམས་གཅིག་སྒྲིལ་བྱེད་པའི་ཐད་གཅིག་ཏུ་བསྡུ་བ། དཀའ་ངལ་དང་རྙོག་དྲ་སྲིད་གཞུང་གིས་ཐག་གཅོད་བྱེད་པ་དང་སྟབས་བདེ་དང་དངོས་ཕན་མང་ཚོགས་ལ་སྤྲོད་པ་མཐའ་འཁྱོངས། དམངས་འཚོའི་ཁྱབ་ཁོངས་ཀྱི་རྩིས་བཤེར་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་བ། དབུལ་སྐྱོར་རྩིས་བཤེར་མུ་མཐུད་བྱེད་པ། དམངས་ཕན་སྲིད་ཇུས་དོན་འཁྱོལ་གྱི་གནས་ཚུལ་གྱི་རྩིས་བཤེར་ལྟ་སྐུལ་ལ་ཤུགས་སྣོན། ལས་ཞུགས་ཀྱི་སྲིད་ཇུས་ལག་ལེན་ནུས་ལྡན་བསྟར་བར་སྐུལ་འདེད་ཧུར་ཐག་གཏོང་བ། ལྷག་པར་དུ་དབུལ་སྐྱོར་སྲིད་ཇུས་ཀྱི་གསེད་བཀྲོལ་འབྲེལ་མཐུད་དང་། འཐུས་ཚང་ལེགས་སུ་གཏོང་བར་ཤུགས་སྣོན། རང་དགར་ཚད་གཞི་མཐོ་རུ་དང་འདོད་རྔམ་ཆེ་རུ་མ་འགྲོ་སྔོན་འགོག“ཕན་བདེའི་དོང་རྙི”དང“གཡང་ཟར་གྱི་ནུས་འབྲས”མི་ཐོན་པ་བཅས་བྱེད་དགོས།

བཞི་ནས་དབང་ཆ་བཀོལ་སྤྱོད་ཚད་ལྡན་དུ་བཏང་ནས་ཏང་སྲིད་འགན་འཁྲི་མཉམ་འཁུར་དང་མཉམ་དུ་རྩིས་བཤེར་མཐའ་འཁྱོངས་དང་། འགོ་ཁྲིད་ལས་བྱེད་པའི་དཔལ་འབྱོར་གྱི་འགན་འཁྲི་རྩིས་བཤེར་དང་རང་བྱུང་ཐོན་ཁུངས་དང་མ་རྩ་འགོ་ཁྲིད་ལས་བྱེད་པ་གོ་གནས་ལས་བྲལ་སྐབས་ཀྱི་རྩིས་བཤེར་ནང་འཇུག་པའི་ལས་དོན་ཡག་པོ་སྒྲུབ་པ། ཕྱི་ཚུལ་རིང་ལུགས་དང་། དཔོན་ཉམས་རིང་ལུགས། དགོས་པའི་ལས་མི་བྱེད་པ། ལས་ཀ་ནར་འགྱངས་བྱེད་པ་བཅས་ལ་རྩིས་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། དབང་ཆ་བཀོལ་སྤྱོད་ལ་ཚོད་འཛིན་དང་ལྟ་སྐུལ་བྱེད་ཤུགས་ཆེ་རུ་གཏོང་དགོས། ལས་བྱེད་པས་འགན་འཁྲི་ཁུར་ནས་ལས་དོན་སྒྲུབ་པར་ལྕག་སྐུལ་དང་ནོར་འཁྲུལ་ཤོར་རུང་ལ་ནོར་འཁྲུལ་ཡོ་བསྲང་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ནས་ལས་འགན་སྒྲུབ་ཕོད་པའི་ལས་བྱེད་པར་ལས་འགན་སྒྲུབ་ཏུ་འཇུག་པ་དང་། འགན་འཁྲི་འཁུར་ཕོད་པའི་ལས་བྱེད་པར་འགན་འཁྲི་ཁུར་དུ་བཅུག་སྟེ་ལས་བྱེད་པས་ལས་

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།