ལྗོངས་ཡོངས་ཀྱི་རིག་དངོས་བདེ་འཇཌ་ལས་དོན་གྱི་མཉམ་འབྲེལ་ཚོཌ་འདུ་འཚོཌ་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:42:59

ཚེས་25ཉིན་གྱི་སྔ་དྲོ། 2019ལོའི་ལོ་འཁོར་གྱི་ལྗོངས་ཡོངས་ཀྱི་རིག་དངོས་བདེ་འཇགས་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུ་ལྷ་སར་འཚོགས་ཤིང་། གྲོང་ཁྱེར(ས་ཁུལ)ཁག་གི་སྲིད་འཛིན་ཀུང་ཧྲུའུ(མི་དམངས་སྲིད་གཞུང)དང་རང་སྐྱོང་ལྗོངས་རིག་དངོས་ཅུས་ཀྱིས་རིག་དངོས་བདེ་འཇགས་ལས་དོན་གནས་ཚུལ་སྙན་སེང་ཞུས་པ་དང་། ཆེད་དོན་གྱི་གྲོས་གཞི་གསུམ་ལ་ཞིབ་འཇུག་དང་ཞིབ་བཤེར་གཏན་འཁེལ་བྱས་པ། 《2019ལོའི་ལོ་འཁོར་གྱི་བོད་རང་སྐྱོང་ལྗོངས་ཀྱི་རིག་དངོས་བདེ་འཇགས་ཀྱི་དམིགས་ཚད་འགན་འཁྲིའི་ཡི་གེར》མིང་རྟགས་བཀོད་པ་རེད།

རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་རྡོ་རྗེ་ཚེ་སྒྲུབ་ཚོགས་འདུར་ཕེབས་པ་དང་སྦྲགས་གསུང་བཤད་ཀྱང་གནང་བ་རེད།

ཚོགས་འདུའི་ཐོག གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ནས་རང་ལྗོངས་ཀྱི་རིག་དངོས་བདེ་འཇགས་ཀྱི་ལས་དོན་ལ་འཕྲད་པའི་དུས་བབ་གསར་པ་དང་གནད་དོན་གསར་པར་ངོས་འཛིན་གསལ་པོ་བྱས་ཏེ་ཐོག་མཐའ་བར་གསུམ་དུ་རིག་དངོས་བདེ་འཇགས་གནས་བབ་ཨང་དང་པོར་འཇོག་པ་དང་། རིག་དངོས་བདེ་འཇགས་ཀྱི་འགན་འཁྲི་དོན་འཁྱོལ་ལ་སྐུལ་འདེད་གཏིང་ཟབ་གཏོང་བ། རིག་དངོས་བདེ་འཇགས་ཀྱི་གྲལ་བཤེར་བཅོས་སྒྲིག་ལས་དོན་སྤེལ་ཤུགས་ཆེ་རུ་གཏོང་བ། རིག་དངོས་བདེ་འཇགས་ཀྱི་འགོག་སྲུང་སྒྲིག་བཀོད་འཛུགས་སྐྲུན་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་ནས་རིག་དངོས་བདེ་འཇགས་ཀྱི་འགོག་སྲུང་ཆུ་ཚད་མཐོ་རུ་དང་ནུས་པ་ཆེ་རུ་གཏོང་དགོས་ཞེས་གསུངས་པ་རེད། 

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།