ཐེམ་ཐོ་མེད་པའི་མི་སྣར་ཐེམ་ཐོ་བཟོ་བའི་འགྲོ་ལུགས་སྟབས་བདེ་རུ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-27 10:42:58

ཉེ་བའི་ལོ་ཤས་རིང་། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ལས་ཁུངས་ཁུ་བསྡུ་དང་དབང་ཆ་གཤམ་སྤྲོད་གཏིང་ཟབ་བྱེད་པ་དང་ཞབས་ཞུའི་བྱེད་ཐབས་འཐུས་ཚང་དུ་བཏང་ནས་གང་སར་རྔོན་རྒྱག་མཁན་དུད་ཚང་གི་ཐེམ་ཐོ་མེད་པའི་མི་སྣར་ཐེམ་ཐོ་གཙང་བཤེར་དང་སྒྲུབ་གཉེར་བྱས་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཆབ་མདོ་གྲོང་ཁྱེར་སྤྱི་བདེ་ལས་ཁུངས་ཀྱིས་ཐེམ་ཐོའི་ལམ་ལུགས་སྒྱུར་བཅོས་དང་ཐེམ་ཐོ་མེད་པའི་མི་སྣར་ཐེམ་ཐོ་ཐོ་འགོད་ཀྱི་གནད་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ལས་ཀའི་བླང་བྱ་གཞིར་བཟུང་། ཐེམ་ཐོ་མེད་པའི་མི་སྣའི་ཐེམ་ཐོ་བཟོ་བའི་གནད་དོན་ཕྱོགས་ཡོངས་ནས་ཐག་གཅོད་བྱས་པ་དང་གཙོ་གནད་ཐོག་ཆབ་མདོ་གྲོང་ཁྱེར་གྱི་གང་སར་རྔོན་རྒྱག་མཁན་དུད་ཚང་གི་ཐེམ་ཐོ་མེད་པའི་མི་སྣར་ཐེམ་ཐོ་གཙང་བཤེར་དང་སྒྲུབ་གཉེར་བྱས་པས་དམངས་ཕན་གྱི་ཞབས་ཞུའི་བྱེད་ཐབས་དམིགས་སར་དོན་འཁྱོལ་ཏན་ཏིག་ཐུབ་ཡོད། མིག་སྔའི་བར་གང་སར་རྔོན་རྒྱག་མཁན་དུད་ཚང་གི་ཐེམ་ཐོ་མེད་པའི་དུད་ཚང་285ཡི་མི་གྲངས་1326ལ་ཐེམ་ཐོ་བཟོས་པས་ཐེམ་ཐོ་མེད་པའི་དུད་ཚང་གི་མི་སྣ་གཙང་བཤེར་དང་སྒྲུབ་གཉེར་ལས་དོན་སྤྱིར་ན་ལེགས་གྲུབ་བྱུང་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།