ཀྲོང་ཡན་གྱིས་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཚོགས་འདུ་ཐེངས་གཉིས་པ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-26 10:54:35

ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་ཁྲིད་བླང་བྱ་གཞིར་བཟུང་ཚེས་23ཉིན་རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གིས་ཚོགས་འདུ་ཐེངས་གཉིས་པ་འཚོགས་ནས་རིམ་ཁག་སྡེ་ཚན་ཁག་ལ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་དང་། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་སྐོར་གྱི་རྒྱལ་སྲིད་སྤྱི་ཁྱབ་ཁང་དབུལ་སྐྱོར་གསར་སྤེལ་འགོ་ཁྲིད་ཚོགས་ཆུང་གི་བཀོད་སྒྲིག་བླང་བྱ་ལག་བསྟར་དོན་འཁྱོལ། དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་སྐོར་གྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་སྟོན་བླང་བྱ་ལག་བསྟར་དོན་འཁྱོལ་བཅས་བྱས་ཏེ། སྐོར་གཟིགས་དག་ཐེར་གྱི་ལས་དོན་ཞིབ་འཇུག་བཀོད་སྒྲིག་དང་། ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་རྒྱག་པ། ཚད་གཞི་ལག་བསྟར་ནན་པོ་བྱེད་པ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་ཀྱི་དག་ཐེར་ལས་འགན་ཁག་བདེ་བླག་ངང་ལེགས་སྒྲུབ་ཧུར་ཐག་བྱས་ཏེ་རང་ལྗོངས་ཀྱིས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ཡག་པོ་རྒྱག་པ་དང་རྒྱལ་ཁ་ལེན་རྒྱུ་དང་། ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པར་རྒྱལ་ཁ་ཕུ་ཐག་གཅོད་ཆེད་རྨང་གཞི་བརྟན་པོ་འདིང་དགོས་པའི་བླང་བྱ་བཏོན་གནང་བ་རེད།

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ། རང་སྐྱོང་ལྗོངས་དབུལ་སྒྲོལ་འགག་སྒྲོལ་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་འགོ་ཁྲིད་ཚོགས་ཆུང་གཞུང་དོན་ཁང་གི་ཀྲུའུ་རེན་བཅས་ཡིན་པའི་ཀྲོང་ཡན་གྱིས་ཚོགས་འདུ་གཙོ་སྐྱོང་གནང་བ་རེད།

ཚོགས་འདུའི་ཐོག་རིམ་པ་ཁག་དང་སྡེ་ཚན་ཁག་གིས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལ་གོ་བ་གཏིང་ཟབ་ལེན་པ་དང་ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་དང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མཛུབ་ཁྲིད་བླང་བྱར་ནན་པོ་གཞིགས་ནས་ཆབ་སྲིད་ཀྱི་ཚུགས་གནས་མཐོ་རུ་གཏོང་བ་དང་། གདེང་ཚོད་དང་ཆོད་སེམས་བརྟན་དུ་གཏོང་བ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། འགན་འཁྲི་དང་སྒྲིག་ཁྲིམས་ནན་དུ་གཏོང་བ། དྲང་ནན་ཡོང་བ་བྱེད་པ། དག་ཐེར་ལ་དམ་འཛིན་ནན་པོ་བྱེད་པ་བཅས་བྱས་ཏེ་ཚད་གཞི་དང་སྤུས་ཚད་མཐོ་པོས་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ཆེད་དོན་སྐོར་གཟིགས་དག་ཐེར་ལས་དོན་ལེགས་གྲུབ་བྱེད་དགོས་པའི་ནན་བཤད་གནང་བ་སྟེ།

གཅིག་ནས་དུས་ཚོད་དམ་འཛིན་གྱིས་སྐོར་གཟིགས་དག་ཐེར་གྱི་ཇུས་གཞིར་བཟོ་བཅོས་དང་འཐུས་སྒོ་ཚང་དུ་གཏོང་དགོས་ཤིང་། “རང་འགུལ་ངང་དག་ཐེར་ལ་དམ་འཛིན་བྱ་རྒྱུ་ངོས་འཛིན་རྩིས་ལེན་དང་། གནད་དོན་ལ་དམིགས་ནས་དག་ཐེར་ལ་དམ་འཛིན་བྱེད་པ། ཕན་འབྲས་དངོས་ལ་མཐོང་ཆེན་གྱིས་དག་ཐེར་ལ་དམ་འཛིན་བྱེད་པ། གོ་རིམ་ལྡན་པའི་སྒོ་ནས་དག་ཐེར་ལ་དམ་འཛིན་བྱ་རྒྱུར་སྐུལ་འདེད་གཏོང་བ”བཅས་ཀྱི་བླང་བྱར་ནན་པོར་གཞིགས་ནས་རང་སྐྱོང་ལྗོངས་ཀྱི་དག་ཐེར་ཇུས་གཞི་དང་སྤྱིའི་རྩིས་ཁྲའི་ཚད་གཞི་ཡང་ཡང་བསྡུར་བ་དང་། གྲོང་ཁྱེར་ས་ཁུལ་དང་སྡེ་ཚན་གྱི་དག་ཐེར་ཇུས་གཞིར་སླར་ཡང་ཞིབ་འཇུག་དང་། སླར་ཡང་ཞིབ་ཚགས། སླར་ཡང་འཐུས་ཚང་བཅས་ཡོང་བ་བྱས་ནས་ཇུས་གཞི་དོན་འཁྱོལ་ལ་སྐུལ་འདེད་ཏན་ཏིག་གཏོང་དགོས།

གཉིས་ནས་དག་ཐེར་གྱི་བྱེད་ཐབས་དོན་འཁྱོལ་ལ་དམ་འཛིན་ནན་པོ་བྱེད་དགོས་ཤིང་། ཧྲུའུ་ཅིའི་འགན་འཁྲིར་སྔར་བས་ཤུགས་སྣོན་བརྒྱབ་སྟེ་རིམ་ཁག་ཏང་ཨུད་དང་ཏང་ཙུའུ་ཡི་ཧྲུའུ་ཅིས་བྱེད་པོའི་འགན་འཁྲི་ཕྲག་ཐོག་ཏུ་ཡག་པོ་འཁུར་ཏེ་མདུན་ཕྱོགས་ནས་བཀོད་འདོམས་དང་། གནད་སྨིན་བཀོད་སྒྲིག རྒྱུན་སྲོལ་ལས་འགལ་བའི་བྱེད་ཐབས་སྤྱོད་པ་བཅས་བྱས་ནས་བློ་ནུས་ཆེ་ཤོས་འདོན་པ་དང་། ལས་བྱེད་པ་ཡག་ཤོས་མངགས་པ། ལྟ་སྐུལ་ཞིབ་བཤེར་ནན་ཤོས་ལག་བསྟར་བཅས་བྱས་ཏེ་མཁྲེགས་སར་མཐའ་གཅིག་ཏུ་གཏུག་ཕོད་པ་བྱས་ནས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་ཕྱོགས་ཡོངས་ནས་རྒྱལ་ཁ་ལེན་དགོས་པ།

གསུམ་ནས་སྲིད་ཇུས་ཀྱི་ཚད་གཞི་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱེད་དགོས་ཤིང་། ནུས་པས་ལྕོགས་ཚོད་ཀྱིས་སྒྲུབ་པ་དང་། གང་ཐུབ་ཅི་ཐུབ་བྱེད་པ། གྲོན་ཆུང་བསྲི་ཚགས་སྔོན་དུ་བྱེད་པ་བཅས་མཐའ་འཁྱོངས་ཀྱིས་ཀྲུང་དབྱང་གི་སྲིད་ཇུས་ཀྱི་ཚད་གཞིར་ནན་པོ་གཞིགས་པ་དང་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་འབྲེལ་ཡོད་སྲིད་ཇུས་དང་ཚད་གཞི་ཕྱོགས་ཡོངས་ནས་གསེད་བཀྲོལ་བྱས་ཏེ་གནད་དོན་གྱི་གསལ་ཐོ་རིམ་བཞིན་བཟོ་བ་དང་དག་ཐེར་བྱེད་ཐབས་བཟོས་ནས་བརྟན་ལ་གོ་རིམ་ལྡན་པའི་སྒོ་ནས་དག་ཐེར་བྱ་རྒྱུར་སྐུལ་འདེད་གཏོང་དགོས་པ།

བཞི་ནས་སློབ་སྦྱོང་དང་གསོ་སྦྱོང་ལ་ཤུགས་སྣོན་རྒྱག་དགོས་ཤིང་། གཅིག་སྡུད་སློབ་སྦྱོང་དང་། ཆེད་དོན་འཆད་ཁྲིད། ལག་དེབ་རྩོམ་སྒྲིག་པར་འདེབས་སོགས་ཀྱི་བྱེད་སྟངས་བརྒྱུད་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅིའི་རྣམ་བཤད་གལ་ཆེན་དང་ཀྲུང་དབྱང་གི་དབུལ་སྒྲོལ་འགག་སྒྲོལ་གྱི་སྲིད་ཇུས་སློབ་སྦྱོང་ནན་ཏན་བྱས་ཏེ་ཕྱོགས་ཡོངས་དང་གོ་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་། དོན་དངོས་དང་ཟུང་འབྲེལ་གྱིས་སློབ་སྦྱོང་། དོགས་གཞི་འཆང་བཞིན་སློབ་སྦྱོང་། བསམ་བློ་གཏོང་བཞིན་སློབ་སྦྱོང་བཅས་བྱས་ཏེ་རིམ་ཁག་ལས་བྱེད་པའི་སྲིད་ཇུས་ཀྱི་ཆུ་ཚད་མཐོ་རུ་དང་ལག་ལེན་གྱི་འཇོན་ཐང་ཆེ་རུ་གཏོང་དགོས་པ།

ལྔ་ནས་གནས་གཏན་འཁེལ་གྱི་དབུལ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་དགོས་ཤིང་། རང་སྐྱོང་ལྗོངས་དང་ཀྲུང་དབྱང་ཐད་གཏོགས་སྡེ་ཚན་གྱིས་ལམ་སྲོལ་བརྟན་པོ་འཛུགས་པ་དང་། མི་སྣ་ཧྲག་པོ་མངགས་པ། རོགས་སྐྱོར་ལེགས་སུ་གཏོང་བ། འགན་སྲུང་ནུས་ལྡན་བྱེད་པ་བཅས་ལ་ཤུགས་བརྒྱབ་སྟེ་གནས་གཏན་འཁེལ་གྱི་དབུལ་སྐྱོར་ལས་འགན་སྔོན་དུ་ལེགས་གྲུབ་ཧུར་ཐག་བྱས་ནས་ལྗོངས་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་ལ་རམ་འདེགས་བྱེད་དགོས་པ།

དྲུག་ནས་སྒྲིག་ཁྲིམས་དང་སྤྱོད་ཚུལ་ནན་པོ་ཡོང་བ་བྱེད་དགོས་ཤིང་། སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་ཀྱིས་བླང་བྱ་ནན་ཤོས་ཀྱི་ཐོག་ནས་བཀོད་སྒྲིག་དང་། ཚད་གཞི་ནན་ཤོས་ཀྱི་ཐོག་ནས་དོན་འཁྱོལ། དཔྱད་ཞིབ་ནན་ཤོས་ཀྱི་ཐོག་ནས་ཞིབ་བཤེར་བཅས་བྱས་ཏེ་ངོས་ལེན་ངོ་མ་ཞུ་བ་དང་། བསམ་ཞིབ་ངོ་མ་བྱེད་པ། དག་ཐེར་ངོ་མ་བྱེད་པ། འགན་ངོ་མ་འཁུར་བ་བཅས་བྱས་ཏེ་སྒྲིག་ཁྲིམས་ནན་པོ་དང་སྤྱོད་ཚུལ་ཏན་ཏིག་གི་ཐོག་ནས་སྐོར་གཟིགས་དག་ཐེར་གྱི་ལས་འགན་བདེ་བླག་ངང་ལེགས་སྒྲུབ་ཐུབ་རྒྱུའི་འགན་ལེན་མཐའ་གཅིག་ཏུ་བྱེད་དགོས་པ་བཅས་རེད།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།