ལྷ་ས་གྲོང་ཁྱེར་དུ་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་ཀྱི་དགོངས་དོན་ལས་འགལ་བའི་གནད་དོན་ཐོན་མེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-26 10:52:43

གསར་འགོད་པས་ལྷ་ས་གྲོང་ཁྱེར་ནས་ཤེས་རྟོགས་བྱས་པར། 2019ལོའི་དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་སྒྲིག་ཁྲིམས་དང་སྒྲིག་སྲོལ་སྔོན་དུ་འཇོག་རྒྱུ་མཐའ་འཁྱོངས་བྱས་ནས་ཉེན་གཏོང་སློབ་གསོ་དང་། གླེང་ཕྱོགས་དྲིལ་བསྒྲགས། ལྟ་སྐུལ་ཞིབ་བཤེར་བཅས་ལ་དམ་འཛིན་བྱ་རྒྱུར་ཤུགས་སྣོན་དང་། གནད་དོན་རེ་རེ་བཞིན་ལ་དམ་འཛིན། “སྤྱོད་ཚུལ་བཞིའི”གནད་དོན་བསྐྱར་སློག་བྱ་རྒྱུ་མཐའ་གཅིག་ཏུ་བཀག་བཅས་བྱས་པར་བརྟེན། དུས་ཆེན་རིང་། ལྷ་ས་གྲོང་ཁྱེར་གྱི་སྤྱོད་ཚུལ་བཟང་པོ་འགན་ལེན་བྱུང་ཡོད། དུས་ཆེན་རིང་། ལྷ་ས་གྲོང་ཁྱེར་སྒྲིག་ཨུད་ལྟ་ཞིབ་ཨུ་ལྷན་གྱིས་ལྟ་སྐུལ་ཞིབ་བཤེར་ཚོགས་ཆུང་ཐེངས་101བཏང་ནས་ཚན་པ་730དང་། བཟའ་བཏུང་རོལ་རྩེད་ཁང་43 མཛེས་ལྗོངས་ས་ཚིགས་42བཅས་ལ་ཞིབ་བཤེར་བྱེད་སྐབས་ཀྲུང་དབྱང་གི་གཏན་འབེབས་དོན་ཚན་བརྒྱད་དང་དེའི་ལག་བསྟར་ཞིབ་སྲོལ་གྱི་དགོངས་དོན་ལས་འགལ་བའི་གནད་དོན་ཐོན་མེད་པ་ཤེས་རྟོགས་བྱུང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།