རང་སྐྱོང་ལྗོངས་ཏང་ཨུད་ཀྱིས་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-22 11:56:23

ལྗོངས་ཏང་ཨུད་ཀྱི་ལས་དོན་བཀོད་སྒྲིག་གཞིར་བཟུང་ཧྲུའུ་ཅི་ཝུའུ་དབྱིང་ཅེའི་མངགས་བཅོལ་ལྟར། ཚེས་20ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་ལྗོངས་ཏང་ཨུད་ཀྱི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གི་སློབ་སྦྱོང་ཚོགས་འདུ་གཙོ་སྐྱོང་གནང་ནས་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ཆེད་དོན་སློབ་སྦྱོང་གནང་བ་རེད།

ཅང་ཅེ་དང་། སྤེན་པ་བཀྲ་ཤིས། པད་མ་དབང་འདུས། ཁྲེན་ཡུང་ཆི་སོགས་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་སློབ་སྦྱོང་ཚོགས་འདུར་ཞུགས་པ་དང་། ཀྲུང་གུང་ཀྲུང་དབྱང་ཏང་གི་སློབ་གྲྭའི་དཔལ་འབྱོར་རིག་པ་པུའི་ཀྲུའུ་རེན་གཞོན་པ་དང་། འབུམ་རམས་པའི་སློབ་དཔོན། དཔལ་འབྱོར་རིག་པའི་འབུམ་རམས་པ་བཅས་ཡིན་པའི་དགེ་རྒན་ཆེ་མོ་བ་ཚའོ་ལིས་ཟུར་ཁྲིད་སྙན་ཞུ་གནང་བ་རེད།

ཀྲོང་ཡན་གྱིས་རིམ་པ་ཁག་དང་སྡེ་ཚན་ཁག་ལ་དབུལ་སྐྱོར་ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལ་གོ་བ་གཏིང་ཟབ་བླངས་ཏེ“གནད་སྨིན་དྲུག”ལག་བསྟར་ཡག་པོ་བྱེད་པ་དང་། ཕར་ཆིན་རྒྱག་པའི་སྙིང་རུས་ཐོག་ནས་འགོ་ཁྲིད་ཀྱི་བློ་ནུས་དབུལ་སྒྲོལ་འགག་སྒྲོལ་ལ་ཕྱོགས་རྒྱུ་མཐའ་འཁྱོངས་བྱེད་པ།

ལས་ཀའི་སྟོབས་ཤུགས་དབུལ་སྒྲོལ་འགག་སྒྲོལ་ཐོག་གཅིག་སྡུད་བྱེད་པ། མ་དངུལ་དང་རྣམ་གྲངས་དབུལ་སྒྲོལ་འགག་སྒྲོལ་ལ་གཟིགས་སྐྱོང་བྱེད་པ། ཤིན་ཏུ་དབུལ་བའི་གཡུལ་ས་གཙོ་བོར་དམིགས་པ། དབུལ་སྒྲོལ་གྱི་ཕུགས་ཕན་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ། བརྟན་པོ་ཡོང་བ་བཅས་བྱས་ཏེ་དབུལ་སྒྲོལ་འགག་སྒྲོལ་གྱི་ཕན་འབྲས་དངོས་ཀྱི་ཐོག་ནས་འགན་འཁྲི་འཁུར་བ་དང་བྱས་རྗེས་འཇོག་ལུགས་མངོན་པ་བྱེད་དགོས་པ་དང་། སྐོར་གཟིགས་བཅོས་སྒྲིག་གོ་སྐབས་སུ་བྱས་ནས་ཆེད་དོན་སྐོར་གཟིགས་ཀྱི་ཚུར་ལན་བསམ་འཆར་ལ་ཞིབ་བསྡུར་བྱེད་པ་དང་། ལྗོངས་ཏང་ཨུད་ཀྱི་བཅོས་སྒྲིག་ཇུས་གཞིའི་བླང་བྱར་གཞིགས་པ། རྩ་འཛུགས་ཀྱི་འགོ་ཁྲིད་ལ་ཤུགས་སྣོན་རྒྱག་པ། ལས་ཀའི་འགན་འཁྲི་ཆེ་རུ་གཏོང་བ། ལྟ་བཤེར་དང་ཞིབ་བཤེར་བྱེད་ཤུགས་ཆེ་རུ་གཏོང་བ། འགན་འཁྲི་བདའ་འདེད་དང་རྩད་གཅོད་ནན་པོ་བྱེད་པ། ཚུར་ལན་གནད་དོན་བཅོས་སྒྲིག་ལ་ནུས་ཤུགས་ཡོད་རྒུས་དམ་འཛིན་ཡག་པོ་བྱེད་པ་བཅས་བྱས་ཏེ་བཅོས་སྒྲིག་གི་ཕན་འབྲས་ལག་ལེན་དང་། མི་དམངས། ལོ་རྒྱུས་བཅས་ཀྱིས་ཞིབ་དཔྱད་ཐུབ་པའི་འགན་ལེན་བྱེད་དགོས་པའི་བླང་བྱ་བཏོན་གནང་བ་རེད།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།