རང་ལྗོངས་ཀྱིས་ཁེ་ལས་རིགས་བཞིར་བརྟེན་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:44

2018ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྲི་27.5ཟིན་ནས་ཐོན་ལས་གཉིས་པ་དང་གསུམ་པའི་ལས་ཞུགས་མི་གྲངས་ཁྲི་165ཡན་ཟིན་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་1450ལག་བསྟར་བྱས་པར་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་630.8དམིགས་སར་འབྱོར་བ། དམངས་ཁྲོད་ཀྱི་མ་རྩ་འཇོག་ཚད་20%ཙམ་འཕར་ནས་ཉེ་བའི་ལོ་ཤས་རིང་གི་འཕར་ཚད་མཐོ་ཤོས་སུ་སླེབས་ཡོད།

འདི་ག་ཚགས་པར་ཁང་དུ་གནས་ཚུལ་འབྱོར་གསལ། 2019ལོའི་རང་སྐྱོང་ལྗོངས་སྲིད་གཞུང་གི་ལས་དོན་སྙན་སྒྲོན་ནང་བཏོན་དོན། འདི་ལོ་ནས་བཟུང་རང་ལྗོངས་ཀྱིས་ཀྲུང་དབྱང་གིས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་རྒྱབ་སྐྱོར་བྱེད་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་མཐའ་གཅིག་ཏུ་བྱས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་བའི་འགོག་རྐྱེན་མཐའ་གཅིག་ཏུ་སེལ་བ་དང་། དབང་བའི་ལམ་ལུགས་འདྲ་མིན་གྱི་དཔལ་འབྱོར་གྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་མཐའ་གཅིག་ཏུ་བྱས་ནས་ལྗོངས་ནང་ཁུལ་གྱི་གཞུང་ཁོངས་ཁེ་ལས་དང་། ལྗོངས་ནང་ཁུལ་གྱི་དམངས་གཉེར་ཁེ་ལས། ལྗོངས་ཕྱིའི་གཞུང་ཁོངས་ཁེ་ལས། ལྗོངས་ཕྱིའི་དམངས་གཉེར་ཁེ་ལས་བཅས་ཁེ་ལས་རིགས་བཞིར་སྐུལ་འདེད་བཏང་ནས་མ་འཇོག་དང་འཕེལ་རྒྱས་ཀྱི་ཡིད་ཆེས་ཆེ་རུ་གཏོང་བ་དང་། ཁེ་ལས་དང་འབྲེལ་བའི་སྲིད་ཇུས་བཟོ་བའི་ནང་ཁེ་ལས་ཞུགས་པའི་ལམ་སྲོལ་འཐུས་སྒོ་ཚང་དུ་བཏང་ནས་ཚོང་འགུགས་མ་འདྲེན་ཧུར་ཐག་བྱེད་པ་དང“བརྒྱུད་རིམ་ཧྲིལ་པོ་ཚབ་སྒྲུབ་དང་ཆེད་སྒྲུབ་ཚོགས་ཆུང་གི་ཞབས་ཞུའི”ལམ་སྲོལ་དོན་འཁྱོལ་དང་འཐུས་སྒོ་ཚང་དུ་བཏང་ནས་དམངས་ཁྲོད་ཀྱི་མ་རྩ་འཇོག་ཚད་15%ཡན་འཕར་བའི་འགན་ལེན་བྱ་རྒྱུ་རེད།

2018ལོའི་ལོ་མཇུག་ནས་བཟུང་རྒྱལ་ཡོངས་ས་གནས་ཁག་གིས་དམངས་གཉེར་དཔལ་འབྱོར་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་འབྲེལ་ཡོད་བྱེད་ཐབས་རྒྱུན་ཆད་མེད་པར་བཏོན་པ་དང་རང་ལྗོངས་ཀྱིས་དུས་ཐོག་ཏུ་དམངས་གཉེར་འཐབ་ཇུས་ཀྱི་གསར་དར་ཐོན་ལས་ཀྱི་དཀའ་སེལ་ཐེབས་རྩ་ཡང་བཙུགས་ནས་དམངས་གཉེར་ཁེ་ལས་འཕེལ་རྒྱས་འགྲོ་རྒྱུར་སྐུལ་ལྕག་བཏང་བ་རེད། སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་གྲངས་གཞི་ལས་མངོན་པར། 2018ལོའི་ལོ་མཇུག་བར་རང་ལྗོངས་ཀྱི་ཁྲོམ་རའི་གཉེར་སྐྱོང་བྱེད་པོ་སྣ་ཚོགས་ཁྲི་27.5ཟིན་ནས་ཐོན་ལས་གཉིས་པ་དང་གསུམ་པའི་ལས་ཞུགས་མི་གྲངས་ཁྲི་165ཡན་ཟིན་པ་དང་། ཚོང་འགུགས་མ་འདྲེན་གྱི་རྣམ་གྲངས་1450ལག་བསྟར་བྱས་པར་རིམ་རྩིས་ལྟར་ན་སྒོར་དུང་ཕྱུར་630.8དམིགས་སར་འབྱོར་བ། དམངས་ཁྲོད་ཀྱི་མ་རྩ་འཇོག་ཚད་20%ཙམ་འཕར་ནས་ཉེ་བའི་ལོ་ཤས་རིང་གི་འཕར་ཚད་མཐོ་ཤོས་སུ་སླེབས་ཡོད། 2019ལོར་རང་ལྗོངས་ཀྱིས་ད་དུང་དངུལ་རྩར་བརྟེན་ནས་ཁེ་ལས་ཆུང་གྲས་དང་ཆེས་ཆུང་གྲས་དང་། དམངས་གཉེར་ཁེ་ལས། སྒེར་གཉེར་དཔལ་འབྱོར་བཅས་ལ་རྒྱབ་སྐྱོར་བྱེད་པའི་སྲིད་ཇུས་ཁག་ལག་བསྟར་བྱས་ཏེ་དངུལ་རྩའི་སྒྲིག་གཞིའི་མི་དམངས་ཤོག་སྒོར་དང་ཕྱི་དངུལ་གྱི་དངུལ་བུན་ལྷག་གྲངས་10%ཙམ་འཕར་ཐབས་བྱས་ཏེ་དམངས་གཉེར་ཁེ་ལས་ཀྱི་ཆ་འཕྲིན་དོ་མི་མཉམ་པ་དང་ཡིད་རྟོན་ཆ་མི་ཚང་བ་སོགས་ཀྱི་གནད་དོན་ནུས་ཤུགས་ཡོད་རྒུས་བསལ་ཏེ་མ་དངུལ་མཉམ་འདྲེས་ཞབས་ཞུའི་ཁག་ཐེག་ལས་སྟེགས་བསྐྲུན་ཐབས་འཚོལ་ཞིབ་བྱ་རྒྱུ་རེད།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།