དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་རང་ལྗོངས་སུ་ཡུལ་སྐོར་བྱེད་མཁན་མང་ལ་ཡུལ་སྐོར་ཡོང་འབབ་ཀྱང་འཕར་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:41

རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་གྲངས་གཞི་བསྡོམས་རྩིས་ལ་གཞིགས་ན། དཔྱིད་གསར་དུས་ཆེན་དང་བོད་ཀྱི་ལོ་གསར་རིང་། བོད་ཀྱིས་རིམ་རྩིས་ལྟར་ན་ཡུལ་སྐོར་བ་མི་ཐེངས་ཁྲི་51.17ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་དུང་ཕྱུར་3.53བྱུང་ནས་དུས་མཚུངས་དང་བསྡུར་ན་11.6%དང་17.72%སོ་སོར་འཕར་ཡོད་པ་དང་། དེའི་ནང་། ཞག་སྡོད་ཡུལ་སྐོར་བ་མི་ཐེངས་ཁྲི་17.7ཟིན་ནས་དུས་མཚུངས་ལས་8.75%འཕར་བ་དང་། ཉིན་གཅིག་གི་ཡུལ་སྐོར་བ་མི་ཐེངས་ཁྲི་33.47ཟིན་ནས་དུས་མཚུངས་ལས་13.17%འཕར་ཡོད་པ་རེད།

དུས་ཆེན་རིང་བོད་ལ་ཡུལ་སྐོར་དུ་ཡོང་རྒྱུ་དེ་དར་སྲོལ་གསར་པ་ཞིག་ཏུ་གྱུར་ཡོད་ཅིང་། ཤིས་ཨན་ནས་ཡིན་པའི་ཡུལ་སྐོར་བ་ལི་ཏན་གྱིས“འདི་ལོའི་བོད་ཀྱི་ལོ་གསར་དང་དཔྱིད་གསར་དུས་ཆེན་ཉིན་གཅིག་ལ་ཏག་ཏག་འཁེལ་བས་ཐུན་མོང་མ་ཡིན་པའི་དུས་ཆེན་གྱི་རྣམ་པ་མྱོང་རོལ་ཐུབ་བྱུང་བས་དགའ་ཚོར་ཆེན་པོ་བྱུང་། དམིགས་བསལ་གྱི་ཉིན་མོ་འདིར་ང་ཚོས་བོད་ཀྱི་ལོ་གསར་གྱི་རྣམ་པ་མྱོང་རོལ་བྱེད་པར་ཡོང་བ་ཡིན། བོད་རིགས་མི་དམངས་ཚོར་ལོ་གསར་ལ་བཀྲ་ཤིས་བདེ་ལེགས་ཡོང་བའི་སྨོན་འདུན་ཞུ་རྒྱུ་ཡིན”ཞེས་བརྗོད་པ་རེད།

རང་སྐྱོང་ལྗོངས་ཡུལ་སྐོར་འཕེལ་རྒྱས་ཐིང་གི་ཐིང་ཀྲང་ཝང་སུང་ཕིང་གིས་འདི་ལོའི“དགུན་དུས་བོད་དུ་ཡུལ་སྐོར་བྱེད་པའི”བྱེད་སྒོ་སྤེལ་རིང་ད་དུང“བོད་ཀྱི་བྱེས་བགྲོད”རྣམ་གྲངས་ལག་ལེན་བསྟར་འགོ་ཚུགས་ཡོད། དེ་ཐོག་ནས་བོད་ཀྱི་ཡུལ་སྐོར་ལམ་ཐིག་མངགས་ཐོའི་དུས་རབས་སུ་སླེབས་ནས་བོད་ཀྱི་ཡུལ་སྐོར་རིམ་མཐོ་ཅན་དང་སྤུས་ལེགས་ཅན་གྱི་སྒོ་ནས་འཕེལ་རྒྱས་འགྲོ་རྒྱུར་གོམ་སྟབས་བརྟན་པོ་ཞིག་སྤོས་ཡོད་ལ། བོད་རང་སྐྱོང་ལྗོངས་སྲིད་གཞུང་གིས་བཏོན་པའི་བོད་ཀྱི་ཡུལ་སྐོར་ཐད“ཁྱད་ལྡན་བྱ་ཐབས་ཡག་པོ་སྤྱོད་པ་དང་། རིམ་མཐོའི་ལམ་དུ་ཡག་པོ་སྐྱོད་པ། གྲགས་ཅན་མཛེས་ལྗོངས་ས་ཚིགས་ལ་འདེགས་སྐྱོར་ཡག་པོ་བྱེད་པ། ས་ཁོངས་ཧྲིལ་པོའི་ཡུལ་སྐོར་ལས་དོན་ཡག་པོ་སྒྲུབ་པ་བཅས་ཀྱི་བླང་བྱ་ལག་ལེན་ཡག་པོ་བསྟར་བ་ཞིག་ཀྱང་རེད་ཅེས་བརྗོད་པ་རེད།  

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།