རང་རྟོགས་ངང་རིགས་པའི་གཞུང་ལུགས་སྤྱད་ནས་དུས་རབས་གསར་པའི་ཞིབ་དཔྱོད་ལས་དོན་ལ་མཛུབ་ཁྲིད་བྱེད་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:40

ཏང་གི་ཚོགས་ཆེན་བཅུ་དགུ་པ་འཚོགས་ཚུན་རང་སྐྱོང་ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡིས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་ནན་ཏན་བྱ་རྒྱུར་ཚད་མཐོའི་མཐོང་ཆེན་བྱས་ཤིང་། ཏང་ཙུའུ་ཡི་རིགས་པའི་གཞུང་ལུགས་སློབ་སྦྱོང་ལྟེ་བའི་ཚོགས་ཆུང་གིས་སྣེ་འཁྲིད་པ་དང་། རྫོང་དང་ཁྲུའུ་རིམ་པ་ཡན་གྱི་ཏང་ཡོན་ལས་བྱེད་པ་གཙོ་གནད་དུ་བྱས་ཏེ《ལྗོངས་མི་དམངས་ཞིབ་དཔྱོད་ཁང་ཏང་ཙུའུ་ཡི་རིཌ་པའི་གཞུང་ལུགས་ལྟེ་བའི་ཚོགས་ཆུང་གི་2018ལོའི་སློབ་སྦྱོང་བཀོད་སྒྲིག་བསམ་འཆར》བཀྲམ་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་ནང་དོན་གཙོ་བོར་བརྩིས་པ་མ་ཟད། ཏང་ཡོན་འགོ་ཁྲིད་ལས་བྱེད་པས་སྣེ་ཁྲིད་དེ་སློབ་སྦྱོང་གཏིང་ཟབ་བྱེད་པ་དང་། སྔོན་ལ་སློབ་སྦྱོང་དང་། སློབ་སྦྱོང་གཏིང་ཟབ་བྱེད་པ། མིག་དཔེའི་ནུས་པ་འདོན་སྤེལ་བཅས་བྱས་ནས་ཏང་ཡོན་ལས་བྱེད་ཉེན་རྟོག་པར་ཚད་ཤིང་འཛུགས་དགོས་པའི་བླང་བྱ་བཏོན་པ་རེད།

ཏང་ཀྲི་པུའུ་ཁག་གིས་བཀོད་སྒྲིག་བླང་བྱར་ནན་པོ་གཞིགས་ནས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་སློབ་སྦྱོང་བྱ་རྒྱུ་དེ་ཀྲི་པུའུ་དང་ཏང་ཡོན་ལས་བྱེད་ཉེན་རྟོག་པས་ཆབ་སྲིད་དང་རིགས་པའི་གཞུང་ལུགས་སློབ་སྦྱོང་བྱེད་པའི་གཙོ་གནད་དུ་བརྩིས་པ་དང་འབྲེལ། སྡེ་ཚན་ཁག་གི་ལས་སྒོ་དང་ལས་དོན་གྱི་དོན་དངོས་དང་ཟུང་འབྲེལ་བྱས་ནས “ཚོགས་འདུ་གསུམ་དང་སློབ་ཚན་གཅིག”སོགས་རྩ་བའི་ལམ་ལུགས་ལག་བསྟར་བྱས་ཡོད། ཆེད་དོན་བགྲོ་གླེང་དང་། སློབ་སྦྱོང་སྤེལ་རེས་སོགས་ཀྱི་བྱེད་ཐབས་སྣ་ཚོགས་སྤྱད་པ་དང་འབྲེལ་གཟའ་འཁོར་རེའི་གཟའ་ཕུར་བུའི་ཀྲི་པུའི་སློབ་སྦྱོང་ཉིན་མོ་དང་བརྗོད་དོན་གཙོ་བོའི་ཏང་གི་ཉིན་མོའི་དུས་ཚོད་སྤྱད་ནས་ཏང་ཀྲི་པུའི་སློབ་སྦྱོང་བྱེད་སྒོར་རྒྱུན་དུ་དམ་འཛིན་དང་། ཞིབ་ཆར་དམ་འཛིན། དམ་འཛིན་ཡག་པོ་བཅས་བྱས་ཏེ་ལྗོངས་ཞིབ་དཔྱོད་ཁང་གི་བཀོད་སྒྲིག་བླང་བྱར་ནན་པོ་གཞིགས་ནས་སློབ་སྦྱོང་འཆར་གཞི་ཞིབ་ཕྲ་བཟོས་པ་དང་། ལས་དོན་དང་སློབ་སྦྱོང་གི་འགལ་ཟླ་ཐག་གཅོད་ཡང་དག་བྱས་ཡོད། ཏང་ཡོན་ལས་བྱེད་ཉེན་རྟོག་པ་གཅིག་སྡུད་སློབ་སྦྱོང་དང་སྟབས་བསྟུན་སློབ་སྦྱོང་བྱེད་པ་དང་། སློབ་སྦྱོང་གཏིང་ཟབ། རྒྱུན་མཐུད་སློབ་སྦྱོང་བཅས་བྱས་ནས་སློབ་སྦྱོང་གཏིང་ཟབ་ཐུབ་པ་བྱས་ཡོད། 2018ལོའི་ལོ་སྟོད་དུ་ཏང་ཀྲི་པུའུ་ཁག་གིས་སློབ་སྦྱོང་གྲོས་བསྡུར་ཚོགས་འདུ་ཐེངས་20ཙམ་འཚོགས་ཡོད།

མིག་སྔའི་བར་ལྗོངས་ཏང་ཨུད་དྲིལ་བསྒྲགས་ཚོགས་པའི་རིགས་གཅིག་མཁས་ཅན་དང་མཁས་དབང་ཞིབ་དཔྱོད་ཁང་གི་འགོ་ཁྲིད་པ་གཙོ་བོ་གདན་དྲངས་ནས་ཞིབ་དཔྱོད་ཁང་གི་ལས་བྱེད་ཉེན་རྟོག་པར་ཆེད་དོན་ཟུར་ཁྲིད་ཐེངས་4བྱས་པ་དང་སློབ་སྦྱོང་བགྲོ་གླེང་ཚོགས་འདུ་ཐེངས་3འཚོགས་པ། འབྲེལ་ཡོད་ཀྱི་སློབ་སྦྱོང་ཆེད་སྒྲོམ་ཐེངས་9བཟོས་པ། ཏང་ཡོན་ལས་བྱེད་ཉེན་རྟོག་པར《ཞི་ཅིན་ཕིང་གིས་རྒྱལ་སྲིད་སྐྱོང་ལུགས་སྐོར་གླེང་བ》དེབ་གཉིས་པ་སོགས་སློབ་སྦྱོང་དཔྱད་གཞི་1500ལྷག་ཙམ་མངགས་ཉོ་བྱས་ནས་སྤྲད་ཡོད།

ལྗོངས་ཏང་ཨུད་རྩ་འཛུགས་པུའི་འབྲེལ་ཡོད་བླང་བྱ་གཞིར་བཟུང་། ཏང་ཡོན་ལས་བྱེད་པས་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཅིག་སྡུད་སློབ་སྦྱོང་དང་རེས་སྐོར་གསོ་སྦྱོང་གི་ལས་དོན་བཀོད་སྒྲིག་ནན་ཏན་བྱས་ཤིང་། བཀོད་སྒྲིག་གཞིར་བཟུང་། གསོ་སྦྱོང་ནང་ཞུགས་མཁན་ས་གནས་ཐིང་རིམ་པའི་ལས་བྱེད་པ་10ཡི་ནང་མི་8ལྗོངས་ཏང་གི་སློབ་གྲྭའི་སློབ་སྦྱོང་ཆུ་ཚོད་320ཡི་གཅིག་སྡུད་རེས་སྐོར་གསོ་སྦྱོང་ལེགས་གྲུབ་བྱུང་བ་དང་གསོ་སྦྱོང་ལེགས་གྲུབ་བྱུང་ཚད་80%ཟིན་ཡོད། གསོ་སྦྱོང་ནང་ཞུགས་མཁན་རྫོང་དང་ཁྲུའུ་རིམ་པའི་ལས་བྱེད་པ་64ནང་མི་47ཀྲུང་དབྱང་ཏང་གི་སློབ་གྲྭ་དང་། རང་སྐྱོང་ལྗོངས་ཏང་གི་སློབ་གྲྭ རྒྱལ་ཁབ་ཞིབ་དཔྱོད་དཔོན་སློབ་གླིང་དང་བོད་ལྗོངས་ཡན་ལག་སློབ་གླིང་བཅས་ཀྱི་གཅིག་སྡུད་རེས་སྐོར་གསོ་སྦྱོང་དང་དྲ་རྒྱའི་གསོ་སྦྱོང་གི་ཐབས་ལམ་བརྒྱུད་ནས་ཆུ་ཚོད་1330ཡི་གསོ་སྦྱོང་ལེགས་གྲུབ་བྱུང་བ་དང་གསོ་སྦྱོང་ལེགས་གྲུབ་བྱུང་ཚད་73%ཟིན་ཡོད་པ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།