མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་གྱིས་རང་ལྗོངས་ཀྱི་ཕྱི་ཕྱོགས་ཚོང་དོན་ལེགས་སུ་འགྲོ་བར་སྐུལ་འདེད་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:34

 ཉིན་ཤས་གོང་གསར་འགོད་པས་ལྷ་སའི་འགག་སྒོ་ལས་ཁུངས་ནས་ཤེས་རྟོགས་བྱུང་བར། 2018ལོར་རང་ལྗོངས་ཀྱི་ཁེ་ལས་ཀྱི་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་སྒོར་དུང་ཕྱུར་24.12ཟིན་ནས་4%འཕར་ཏེ་ལོ་འཁོར་མོའི་ཕྱིར་གཏོང་ནང་འདྲེན་གྱི་སྤྱི་འབོར་གྱི་50.8%ཟིན་པ་དེའི་ནང་ནང་འདྲེན་ལ་སྒོར་དུང་ཕྱུར་0.3ཟིན་ནས་26.27%འཕར་བ་དང་། ཕྱིར་གཏོང་ལ་སྒོར་དུང་ཕྱུར་23.84ཟིན་ནས་3.77%འཕར་ཡོད་པ་རེད།

བསྡོམས་རྩིས་བྱས་པའི་གྲངས་གཞི་ལས་མངོན་གསལ། མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་གཙོ་བོ་སྐྱིད་གྲོང་འགག་སྒོར་མངོན་འགྱུར་བྱུང་བ་དང་། ཕྱོགས་གཉིས་ཀའི་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་གྱི་ཕྱིར་གཏོང་ནང་འདྲེན་གྱི་རིན་ཐང་མི་དམངས་ཤོག་སྒོར་དུང་ཕྱུར་24.11ཟིན་ནས་3.96%བརྟན་པོའི་ངང་འཕར་བ་དེས་རང་ལྗོངས་ཀྱི་ཁེ་ལས་ཀྱི་མཐའ་མཚམས་ཀྱི་གྲངས་འབོར་ཉུང་བའི་ཚོང་དོན་གྱི་ནང་འདྲེན་ཕྱིར་གཏོང་སྤྱི་འབོར་གྱི་99.9%ཟིན་ནས་སྐྱིད་གྲོང་འགག་སྒོའི་ཕྱི་ཕྱོགས་ཚོང་དོན་སྤྱི་འབོར་97.53%ཟིན་ཡོད་པ་རེད།


རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།