གཞིས་རྩེས་ཐོན་ཁུངས་སྤྱི་འདོམས་བྱས་ནས་དབུལ་སྐྱོར་ལ་རྒྱབ་སྐྱོར་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:34

2018ལོར་གཞིས་རྩེ་གྲོང་ཁྱེར་གྱིས་ཕྱོགས་ཁག་གི་ཐོན་ཁུངས་སྤྱི་འདོམས་བྱས་ཏེ་ནོར་ཤུགས་དང་། དངོས་ཤུགས། མི་ཤུགས་བཅས་དབུལ་སྒྲོལ་གྱི་ལས་དོན་ལ་བཞག་ནས་གྲོང་ཁྱེར་ཡོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་གྱི་ལས་དོན་ལ་རྣམ་པ་བཟང་པོ་བཏོད་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་གྱིས་བོད་སྐྱོར་དབུལ་སྐྱོར་གྱི་ལས་དོན་དང་ཤར་ནུབ་དབུལ་སྐྱོར་མཉམ་ལས་ཟུང་འབྲེལ་བྱས་ཏེ་ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱི་འབྲེལ་མཐུད་དོན་འཁྱོལ་གྱི་བོད་སྐྱོར་ལས་དོན་ལས་འགན་ཧུར་ཐག་བསྒྲུབས་ཡོད། ཁ་གཏད་རོགས་སྐྱོར་ཞིང་ཆེན་དང་གྲོང་ཁྱེར་བཞི་དང་ཁེ་ལས་གཉིས་ཀྱིས“80%གཉིས”ཀྱི་བླང་བྱར་གཞིགས་ནས། ཁྱད་ལྡན་ཐོན་ལས་རྣམ་གྲངས་34ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་1.99བཏང་ཡོད། དམངས་འཚོ་འགན་ལེན་དང་ལེགས་བཅོས་རྣམ་གྲངས་178ལག་བསྟར་བྱས་པར་མ་དངུལ་སྒོར་དུང་ཕྱུར་7.34བཏང་ཡོད།

དེ་དང་ཆབས་ཅིག་གཞིས་རྩེ་གྲོང་ཁྱེར་གྱིས་གནས་གཏན་འཁེལ་གྱི་དབུལ་སྐྱོར་དང་། “ཁེ་ལས་བརྒྱས་གྲོང་ཚོ་བརྒྱར་རོགས་རམ”“4321”གི་ལས་བྱེད་པའི་ཆ་སྒྲིག་རོགས་སྐྱོར་བཅས་ཀྱི་ལས་དོན་ལ་མུ་མཐུད་ཤུགས་སྣོན་བརྒྱབ་པ་དང་གྲོང་ཁྱེར་ཡོངས་ཀྱི་གནས་གཏན་འཁེལ་གྱི་དབུལ་སྐྱོར་ཚན་པ་112ཀྱིས་ཤང་དབུལ་པོ(གྲོང་རྡལ)ལ་འཕེལ་རྒྱས་འཆར་འགོད(འབབ་འཕར་འཆར་གཞི)337བཟོས་པ་དང་དབུལ་སྐྱོར་ཐོན་ལས་48དང་མཉམ་སྡེབ་དཔལ་འབྱོར་54འཕེལ་རྒྱས་བཏང་བ་དང་འབྲེལ་ཡོང་འབབ་སྒོར་ཁྲི་576.6བྱུང་ཡོད། ཁེ་ལས་350ཡིས་རོགས་སྐྱོར་མ་དངུལ་སྒོར་ཁྲི་2181.25བཏང་བ་དང་། མང་ཚོགས་དབུལ་པོ་118ལ་ལས་ཀ་སྤྲད་པ། ཡོང་འབབ་སྒོར་ཁྲི་74.04བྱུང་བ། སློབ་སྐྱོར་དངུལ་དང་སྨན་རིན་སྒོར་ཁྲི་2107.21ཞལ་འདེབས་བརྒྱབ་ཡོད། ལས་བྱེད་པ་ཁྲི་3.4ཡིས་ཞིང་འབྲོག་མང་ཚོགས་ལ་དྲིལ་བསྒྲགས་དཔྱད་ཡིག་རྐང་ཁྲི་2.4སྤྲད་པ་དང་། ཕྱུག་འགྱུར་འཕེལ་རྒྱས་ཀྱི་ལམ་བུ་5000བཙལ་བ། ངལ་ནུས་མི་ཐེངས་ཁྲི་1.48ཕྱིར་གཏོང་བྱས་པ། དཀའ་ངལ་7400ཐག་གཅོད་བྱས་པ། རོགས་རམ་ཐད་བཏང་བའི་མ་དངུལ་སྒོར་ཁྲི་2959.16ཟིན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།