མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱིས“མདའ་ཆང”དམངས་སྲོལ་རིག་གནས་དུས་ཆེན་སྐབས་བརྒྱད་པ་བཏང་བ།

བོད་ལྗོངས་ཉིན་རེའི་ཚགས་པར།

| 2019-02-20 10:51:34

ཉེ་ཆར་མེ་ཏོག་རྫོང་མེ་ཏོག་གྲོང་རྡལ་གྱིས“སྲོལ་རྒྱུན་བཟང་པོ་དར་སྤེལ་གཏོང་། རིག་གནས་མེ་ཏོག་གྲོང་རྡལ་གཏོད”ཅེས་པ་བརྗོད་དོན་གཙོ་བོར་བྱས་པའི“མདའ་ཆང”དམངས་སྲོལ་རིག་གནས་དུས་ཆེན་སྐབས་བརྒྱད་པ་དངོས་སུ་གཏོང་འགོ་ཚུགས་པ་རེད།

ད་རེས་ཀྱི་རིག་གནས་དུས་ཆེན་ལ་མདའ་འཕེན་དང་། ་འགས། ལག་གས་འན་པ། ཐག་འཐེན་སོགས་སྲོལ་རྒྱུན་གྱི་ལུས་རྩལ་བྱེད་སྒོ་དང་། མི་གསུམ་རེ་བྱས་ཏེ་རྐང་པ་བཀྱིགས་པ་དང་ལྒང་ཕུག་རྟོལ་བ་སོགས་དགོད་བྲོ་བའི་བྱེད་སྒོ མི་རིགས་ཀྱི་གླུ་གར་དང་་ང་ཚན་ཚོགས་སོགས་ནང་དོན་ཕུན་སུམ་ཚོགས་ལ་གནའ་བོའི་བྲོ་བས་ཕྱུག་པའི་མོན་པའི་ཁྱད་ལྡན་ལེ་ཚན་ཚུད་ཡོད་པ་རེད།

མིག་སྔར། “མདའ་ཆང”དམངས་སྲོལ་རིག་གནས་དུས་ཆེན་ནི་ལོ་ལེགས་བྱུང་བར་རྟེན་འབྲེལ་ཞུ་བ་དང་། མོན་པའི་སྲོལ་རྒྱུན་གོམས་སྲོལ་རྒྱུན་འཛིན་དང་མི་རིགས་ཀྱི་རིག་གནས་དར་སྤེལ་གཏོང་བ། སང་ལོར་ཆར་ཆུ་དུས་སུ་འབབ་པ་དང་ལོ་ཕྱུགས་རྟག་ཏུ་ལེགས་པའི་སྨོན་འདུན་ཞུ་བ་བཅས་ཀྱི་ཕྱོགས་བསྡུས་དམངས་སྲོལ་རིག་གནས་བྱེད་སྒོའི་རིགས་ཤིག་ཞིག་རེད། ངོ་མཚར་ཆེ་བའི་བྱེད་སྒོ་ལས་རྒྱ་ཆེའི་ཞིང་འབྲོག་པའི་གསར་འབྱེད་ཡར་བརྩོན་དང་རྒྱལ་གཅེས་མཐའ་གཅེས་ཀྱི་བསམ་པའི་ཉམས་འགྱུར་བཟང་པོ་གང་གས་མངོན་ཡོད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།