ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-01-03 16:01:45

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  2018ལོའི་ཟླ་12ཚེས་31ཉིན་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་ཆེ་དགྲ་ལྷས་རང་སྐྱོང་ལྗོངས་སྲིད་གཞུང་གི་རྒྱུན་ལས་ཚོགས་འདུ་གཙོ་སྐྱོང་གནང་བ་དང་།  《སྲིད་གཞུང་གི་ལས་དོན་སྙན་སྒྲོན(ཞིབ་བཤེར་བྱ་རྒྱུར་འབུལ་རྒྱུའི་མ་ཟིན)》དང་།  རྒྱལ་དམངས་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ཀྱི་འཆར་འགོད་སྙན་སྒྲོན་གྱི་འཆར་ཟིན།  ནོར་སྲིད་སྔོན་རྩིས་ཀྱི་སྙན་སྒྲོན་འཆར་ཟིན་བཅས་ལ་ཞིབ་འཇུག་དང་གྲོས་བསྡུར་གནང་བ་རེད།

ཚོགས་འདུའི་ཐོག་སྲིད་གཞུང་གི་ལས་དོན་སྙན་སྒྲོན་སོགས་ཀྱི“སྙན་སྒྲོན་གསུམ”གྱི་མ་ཟིན་འགོད་པའི་ལས་དོན་གསལ་བཤད་གསན་པ་རེད།  ཚོགས་འདུའི་ཐོག་2019ལོ་ནི་ཀྲུང་གོ་གསར་པ་དབུ་བརྙེས་ནས་ལོ་70འཁོར་བའི་ལོ་ཞིག་ཡིན་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་འགག་རྩའི་ལོ་ཞིག་རེད་ལ།  བོད་ལ་དམངས་གཙོའི་བཅོས་སྒྱུར་བྱས་ནས་ལོ་60འཁོར་བའི་ལོ་ཞིག་ཀྱང་ཡིན་པས་སྒྱུར་འཕེལ་བརྟན་གསུམ་གྱི་ལས་དོན་ཡག་པོ་བསྒྲུབ་རྒྱུར་དོན་སྙིང་གལ་ཆེན་ལྡན་ཡོད།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས“སྙན་སྒྲོན་གསུམ”གྱི་མ་ཟིན་འགོད་པའི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་གྲོང་ཁྱེར་དང་ས་ཁུལ་ཁག་དང་།  སྡེ་ཚན་ཁག་དང་སྤྱི་ཚོགས་ལས་རིགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་ཐེངས་མང་བྱས་ཏེ་བཟོ་བཅོས་དང་འཐུས་སྒོ་ཚང་དུ་ཐེངས་མང་བཏང་ནས་ལྗོངས་ཡོངས་ཀྱི་མི་དམངས་ཀྱི་བློ་གྲོས་གཅིག་སྡུད་བྱས་པའི་རྨང་གཞིའི་ཐོག《སྲིད་གཞུང་གི་ལས་དོན་སྙན་སྒྲོན(གྲོས་བསྡུར་མ་ཟིན)》སོགས“སྙན་སྒྲོན་གསུམ”གཞི་རྩའི་ཆ་ནས་འཐུས་སྒོ་ཚང་པོ་བྱུང་ཡོད་ཅེས་བསྟན་གནང་བ་རེད།

ཚོགས་འདུའི་ཐོག་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་རླབས་ཆེན་དར་ཆ་མཐོན་པོར་སྒྲེང་བ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་བྱེད་པ།  ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པ་བཅས་ཀྱི་དགོངས་དོན་ཕྱོགས་ཡོངས་ནས་ལག་བསྟར་བྱེད་པ།  ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་དང་ཀྲུང་དབྱང་གི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ལག་བསྟར་ནན་ཏན་བྱེད་པ།  མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་ལག་བསྟར་ནན་ཏན་བྱེད་པ།  རང་སྐྱོང་ལྗོངས་ཀྱི་ཏང་གི་འཐུས་མི་ཚོགས་ཆེན་ཐེངས་དགུ་པ་དང་ལྗོངས་ཏང་ཨུད་སྐབས་དགུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་བཞི་པ།  ལྗོངས་ཏང་ཨུད་ཀྱི་དཔལ་འབྱོར་ལས་དོན་ཚོགས་འདུའི་དགོངས་དོན་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ།  “སྙན་སྒྲོན་གསུམ”གྱི་འཐུས་ཚང་རང་བཞིན་དང་གཅིག་གྱུར་རང་བཞིན་སྔར་བས་མངོན་གསལ་དོད་པོ་ཡོང་བ་བྱེད་པ།  ཕྱོགས་ཁག་གི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་གང་ལེགས་བྱེད་པ།  བཟོ་བཅོས་བརྒྱབ་ནས་སྔར་བས་འཐུས་ཚང་དུ་གཏོང་བ་བཅས་བྱས་ཏེ་སྙན་སྒྲོན་གྱི་ནང་དོན་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ལྗོངས་ཏང་ཨུད་ཀྱི་ལས་ཀའི་བླང་བྱ་དང་འཚམ་པའི་འགན་ལེན་བྱེད་དགོས་པའི་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།