ཀྲེ་ཅང་གི“གྲོང་ཚོ་ཁྲི་སྟོང་གི་འདུ་འགོད”ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་གཏོང་བའི་ཚོགས་འདུ་འཚོགས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-01-03 16:01:45

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  2018ལོའི་ཟླ་12ཚེས་27ཉིན་གྱི་ཕྱི་དྲོ།  ཀྲེ་ཅང་གི“གྲོང་ཚོ་ཁྲི་སྟོང་གི་འདུ་འགོད”ཉམས་མྱོང་སློབ་སྦྱོང་གཏིང་ཟབ་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལ་ཕྱོགས་ཡོངས་ནས་སྐུལ་འདེད་ཏན་ཏིག་གཏོང་བའི་བརྙན་འཕྲིན་ཁ་པར་ཚོགས་འདུ་པེ་ཅིང་དུ་འཚོགས་ཤིང་།  ཚོགས་འདུའི་ཐོག་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་དང་།  ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱ་དོན་འཁྱོལ།  ཀྲུང་དབྱང་དཔལ་འབྱོར་ལས་དོན་ཚོགས་འདུའི་བཀོད་སྒྲིག་ལག་བསྟར།  ཀྲེ་ཅང་གི“དཔེ་སྟོན་གྲོང་ཚོ་སྟོང་དང་བཅོས་སྒྲིག་གྲོང་ཚོ་ཁྲིའི”འདུ་འགོད་ཀྱི་ཉམས་མྱོང་དང་བྱེད་ཐབས་སློབ་སྦྱོང་དང་ཁྱབ་གདལ་གཏིང་ཟབ།  2019ལོའི་གཙོ་གནད་ལས་དོན་ལ་ཞིབ་འཇུག་དང་བཀོད་སྒྲིག་བཅས་བྱས་པ་རེད།

ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཧྲུའུ་ཅི་གཞོན་པ་ལྗོངས་སྲིད་གྲོས་ཏང་ཙུའི་ཧྲུའུ་ཅི་ཏིང་ཡེ་ཤན་བོད་ལྗོངས་ཡན་ལག་ཚོགས་རའི་ཚོགས་འདུར་ཕེབས་ནས་གསུང་བཤད་གནང་བ་དང་།  ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཅེ་ཚོགས་འདུར་ཕེབས་ཡོད་པ་རེད།

ཏིང་ཡེ་ཤན་གྱིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་བྱ་རྒྱུ་ནི་གྲོང་གསེབ་དར་རྒྱས་ཡོང་བ་དང་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་ལེན་པའི་བྱེད་ཐབས་གལ་ཆེན་ཞིག་དང་།  ཞིང་འབྲོག་མང་ཚོགས་ཀྱི་བདེ་སྐྱིད་ཚོར་སེམས་དང་ཐོབ་ཚོར་ཆེ་རུ་གཏོང་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན་པས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པ་དང“ལོ་བརྒྱ་གཉིས”ཀྱི་འབད་འཐབ་དམིགས་ཚད་དང་ཀྲུང་ཧྭ་མི་རིགས་རླབས་ཆེན་བསྐྱར་དར་གྱི་ཀྲུང་གོའི་ཕུགས་འདུན་མངོན་འགྱུར་ཡོང་བ་བྱེད་པ།  འཕེལ་རྒྱས་དོ་མི་སྙོམས་ཤིང་གང་ལེགས་མ་བྱུང་བའི་གནད་དོན་ཐག་གཅོད་ཡག་པོ་བྱས་ནས་མི་དམངས་ཡོངས་ཐུན་མོང་ཐོག་ཕྱུག་པོ་ཆགས་པ་བྱེད་པར་དོན་སྙིང་གལ་ཆེན་ལྡན་ཡོད་པ་རེད།  ང་ཚོས་བསམ་བློ་དང་བྱ་སྤྱོད་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་ལེགས་སུ་གཏོང་རྒྱུའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་དང་ཙུང་ལི་ལི་ཁེ་ཆང་གི་མཆན་བཀོད་མཛུབ་སྟོན་གྱི་བླང་བྱའི་ཐོག་གཅིག་གྱུར་དང་།  ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་དང་ད་ཐེངས་ཀྱི་ཚོགས་འདུའི་ཙུང་ལི་གཞོན་པ་ཧུའུ་ཁྲུན་ཧྭ་ཡི་གསུང་བཤད་དགོངས་དོན་ཐོག་གཅིག་གྱུར་ཡོང་བ་བྱས་ནས་རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གི་བཀོད་སྒྲིག་བླང་བྱ་གཞིར་བཟུང་།  ལྗོངས་བབ་ཀྱི་དོན་དངོས་དང་ཟུང་འབྲེལ་དམ་ཟབ་ཀྱིས་ཡུལ་བབ་ལ་བསྟུན་པ་དང་རིགས་དབྱེ་ལག་བསྟར་གྱི་རྩ་དོན་མཐའ་འཁྱོངས་བྱས་ཏེ་རང་ལྗོངས་ཀྱི་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལས་དོན་ཁག་དོན་འཁྱོལ་དང་རྩ་བ་ཚུགས་རྒྱུར་སྐུལ་འདེད་གཏོང་དགོས་ལུགས་བསྟན་གནང་ཡོད།

ཏིང་ཡེ་ཤན་གྱིས་ལྗོངས་ཡོངས་ཀྱི་རིམ་པ་ཁག་དང་སྡེ་ཚན་ཁག་གིས་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་སྐུལ་འདེད་གཏོང་བའི་དོན་སྙིང་གལ་ཆེན་ལ་ངོས་འཛིན་གང་ལེགས་དང་།  ཀྲེ་ཅང་གི“གྲོང་ཚོ་ཁྲི་སྟོང་གི་འདུ་འགོད”ཉམས་མྱོང་སློབ་སྦྱོང་ནན་ཏན་དང་དཔྱད་གཞིར་འཛིན་པ།  རང་ལྗོངས་ཀྱི“བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་བསྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལག་བསྟར་ཤུགས་ཆེན་བྱེད་པ་དང་ཟུང་འབྲེལ་བྱས་ཏེ་མཛེས་སྡུག་ལྡན་པའི་གྲོང་གསེབ་དང་མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྲུན་ལ་སྐུལ་འདེད་མགྱོགས་མྱུར་གཏོང་དགོས།  གཙོ་གནད་མངོན་གསལ་དོད་པོ་ཡོང་བ་དང་རང་ལྗོངས་ཀྱི《ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་གི་ལོ་གསུམ་གྱི་བྱ་སྤྱོད་ཇུས་གཞིའི》བླང་བྱ་གཞིར་བཟུང་།  གད་སྙིགས་གཤོ་བ་དང་། བཙོག་ཆུ་གཤོང་བ། ནུས་རྒྱུ་གཙང་བཟོ།  ཟོག་རོ་བཅོས་སྒྲིག་སོགས་གཙོ་གནད་ལས་དོན་ལ་དམ་འཛིན་ཏན་ཏིག་དང་ཤུགས་སྣོན་ཆད་མེད།  སྙིང་རུས་གཏན་འཁྱོངས་བཅས་བྱེད་དགོས།  དོན་དངོས་དང་འབྲེལ་བ་དམ་ཟབ་བྱས་ཏེ་ལས་ཀའི་ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་གཏོང་བ་དང་།  སྤྱི་ཚོགས་ཀྱི་སྟོབས་ཤུགས་ཞུགས་པའི་ལམ་སྲོལ་དང“ཡོད་པ་ལྔའི”ལམ་སྲོལ་འཛུགས་པ་དང་འཐུས་སྒོ་ཚང་དུ་བཏང་ནས་གཞི་རིམ་རྩ་འཛུགས་ཀྱི་དམག་འཐབ་མཁར་རྫོང་ནུས་པ་འདོན་སྤེལ་གང་ལེགས་དང་།  ཏང་ཡོན་གྱི་དཔེ་སྟོན་སྣེ་ཁྲིད་ནུས་པ་འདོན་སྤེལ།  མི་དམངས་མང་ཚོགས་ཀྱི་བྱེད་པོའི་ནུས་པ་འདོན་སྤེལ།  ཕྱོགས་ཁག་གི་ཧུར་སེམས་སྐོང་འཐེན་བཅས་བྱས་ཏེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཐད་འདེགས་སྐྱོར་ནུས་པ་མཁོ་འདོན་བྱེད་དགོས།  འགན་འཁྲི་ཁ་གསལ་བཟོས་ཏེ་དོན་འཁྱོལ་མི་བྱེད་པའི་མི་སྣ་དང་བྱ་བར་ལྟ་སྐུལ་ནན་པོ་དང་ཞིབ་བཤེར་ཏན་ཏིག་བྱས་ཏེ་རིམ་པ་བཞིན་གནོན་ཤུགས་སྤྲོད་པ་དང་འགན་འཁྲི་དོན་འཁྱོལ་ལ་ཤུགས་སྣོན་བརྒྱབ་སྟེ་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ཁག་དོན་འཁྱོལ་ལ་ལྟ་སྐུལ་དང་མཛུབ་ཁྲིད་བྱེད་དགོས།  སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་ཤུགས་ཆེ་རུ་གཏོང་བ་དང་འགན་ལེན་ལམ་ལུགས་ཤུགས་ཆེར་བཏང་ནས་བརྟག་ཞིབ་ནན་པོ་དང་འཆར་འགོད་ཡག་པོ་བྱེད་པའི་རྨང་གཞིའི་ཆ་རྐྱེན་འོག་གྲོང་གསེབ་ཀྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་དེ་རང་ལྗོངས་ཀྱི་དབུལ་སྒྲོལ་འགག་སྒྲོལ་དང་།  འབྱོར་འབྲིང་གྲོང་ཚོ་འཛུགས་སྐྲུན། གེགས་རྗེས་བསྐྱར་སྐྲུན།  ས་བབ་མཐོ་ཁུལ་གྱི་སྣོད་བཅུད་གནས་སྤོ་སོགས་ཀྱི་ལས་དོན་དངོས་དང་ཟུང་འབྲེལ་དམ་ཟབ་བྱེད་པ་དང་རང་འགུལ་ངང་འབྲེལ་མཐུད་ཡག་པོ་བྱེད་པ་དང་ཀྲུང་དབྱང་གི་འབྲེལ་ཡོད་སྲིད་ཇུས་ཀྱི་རྒྱབ་སྐྱོར་དང་སྦྲེལ་མཐུད་ཡག་པོ་བྱས་ཏེ་རང་ལྗོངས་ཀྱི་ཞིང་འབྲོག་ཁུལ་གྱི་སྡོད་མལ་ཁོར་ཡུག་བཅོས་སྒྲིག་ལས་དོན་ལ་ཕན་འབྲས་དངོས་ཐོན་རྒྱུར་སྐུལ་མ་གཏོང་དགོས་ཞེས་ནན་བཤད་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།