2019ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》གྱི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ།

བོད་ལྗོངས་ཉིན་རེའི་ཚགས་པར་།

| 2019-01-03 16:01:38

འདི་ག་ཚགས་པར་ཁང་དུ་ལྷ་ས་ནས་གནས་ཚུལ་འབྱོར་གསལ།  རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་ལ་གཞིགས་ནས་2018ལོའི་ཟླ་12ཚེས་31ཉིན་གྱི་སྔ་དྲོ་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་གྱིས་བཞུགས་མོལ་ཚོགས་འདུ་གཙོ་སྐྱོང་གནང་ནས་2019ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》(བསམ་འཆར་བསྡུ་ལེན་མ་ཟིན)ཐད་ཀྱི་བཟོ་ཚོང་ལས་རིགས་མི་སྣའི་འཐུས་མིའི་བསམ་འཆར་དང་གྲོས་འགོ་བསྡུ་ལེན་བྱས་པ་རེད།

ཟླ་བ་གཉིས་ལྷག་ཙམ་བརྟག་དཔྱད་ཞིབ་འཇུག་གཏིང་ཟབ་དང་། གྲོས་འགོ་རྒྱ་ཁྱབ་ངང་ཉན་པ།  མ་ཟིན་ནན་ཏན་ངང་འགོད་པ།  གྲོས་བསྡུར་དང་བཟོ་བཅོས་ཡང་ཡང་བརྒྱབ་པ་བརྒྱུད་སྲིད་གཞུང་གི་ལས་དོན་སྙན་སྒྲོན་གྱི་བསམ་འཆར་བསྡུ་ལེན་དུས་མཚམས་སུ་སླེབས་པ་རེད།  ཀྲོང་ཡན་གྱིས་དང་ཐོག་བཟོ་ཚོང་ལས་རིགས་ཀྱི་མི་སྣས་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱས་པར་ཐུགས་རྗེ་ཆེ་ཞུས་པ་དང་།  ཁོང་གིས་དེ་རིང་བཞུགས་མོལ་ཚོགས་འདུ་འཚོགས་པའི་དམིགས་ཡུལ་ནི་གཏམ་ལམ་ཡངས་འབྱེད་དང་།  བློ་བསྡུས་དགེ་འཚོལ།  ཇུས་ཤུགས་མཉམ་འདོན་བཅས་བྱས་ཏེ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ལ་བཟོ་བཅོས་ཡག་པོ་རྒྱག་པ་དང་འཐུས་སྒོ་ཚང་དུ་བཏང་ནས་2018ལོའི་ལས་དོན་དེ་བས་ལེགས་པའི་སྒོ་ནས་ཕྱོགས་ཡོང་ནས་ཕྱོགས་སྡོམ་བྱེད་པ་དང་2019ལོའི་ལས་དོན་བཀོད་སྒྲིག་དེ་བས་ལེགས་པ་བྱས་ཏེ་ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མི་དམངས་ལ་ཚད་ལོན་པའི་རྒྱུགས་ལན་ཞིག་འབུལ་ཐུབ་པ་བྱ་ཆེད་རེད་ཅེས་བསྟན་གནང་བ་རེད།

ཚོགས་འདུའི་ཐོག་ཚང་མས་ཡིག་འབྲུ་རེ་རེ་དང་ཚིག་རེ་རེ་བཞིན་བསམ་བློ་གཏོང་བ་དང་གང་བསམ་ལྷུག་གླེང་བྱས་ཏེ《སྲིད་གཞུང་གི་ལས་དོན་སྙན་སྒྲོན》(བསམ་འཆར་བསྡུ་ལེན་ཟིན་བྲིས)དང་ཟུང་འབྲེལ་བྱས་ནས་བསམ་ཕྱོགས་གླེང་བ་དང་གྲོས་འགོ་བཏོན་པ་དང་ལྷག་པར་དུ་གཞུང་ཁོངས་ཁེ་ལས་འཕེལ་རྒྱས་ཤུགས་ཆེན་གཏོང་བ་དང་།  དམངས་གཉེར་ཁེ་ལས་མགྱོགས་མྱུར་འཕེལ་རྒྱས་གཏོང་བ།  ཚོང་འགུགས་མ་འདྲེན་མུ་མཐུད་རྒྱ་ཆེར་གཏོང་བ།  ཚོང་གཉེར་ཁོར་ཡུག་མུ་མཐུད་ལེགས་སུ་གཏོང་བ་བཅས་ཐད་གཏམ་བཤད་ཧུར་ཐག་བྱས་པ་དང་རིན་ཐང་ཡོད་པའི་བསམ་འཆར་དང་གྲོས་འགོ་མང་པོ་བཏོན་པ་རེད།  ཚང་མས་2019ལོའི《སྲིད་གཞུང་གི་ལས་དོན་སྙན་སྒྲོན》(བསམ་འཆར་བསྡུ་ལེན་ཟིན་བྲིས)གྱིས་འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་མཐའ་འཁྱོངས་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་བླང་བྱ་མཐའ་འཁྱོངས།  “འབྲེལ་བ་ཆ་བཅུ་གསུམ”ཐག་གཅོད་ཡང་དག་བྱ་རྒྱུ་མཐའ་འཁྱོངས་བཅས་བྱས་པ་དེ་ཐོག་ནས་མི་དམངས་ལྟེ་བར་བྱེད་པའི་འཕེལ་རྒྱས་ཀྱི་དགོངས་པ་གང་ལེགས་མཚོན་པ་དང་།  ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་བོད་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་འཕེལ་རྒྱས་འགྲོ་རྒྱུར་སྐུལ་འདེད་གཏོང་བའི་ཡིད་ཆེས་དང་ཆོད་སེམས་གང་ལེགས་མཚོན་ཡོད་པའི་ངོས་འཛིན་མགྲིན་གཅིག་ཏུ་བྱས་པ་རེད།

ཀྲོང་ཡན་གྱིས་ཚོགས་ཞུགས་འཐུས་མིའི་གཏམ་བཤད་ནན་ཏན་ངང་གསན་པ་དང་ཟིན་ཐོ་ཞིབ་ཕྲ་བཀོད་གནང་བ་དང་འབྲེལ།  ཁོང་ཚོ་དང་སྤེལ་རེས་གྲོས་བསྡུར་དང་བསམ་འཆར་བརྗེ་རེས་ཡང་ཡང་གནང་བ་རེད།  ཁོང་གིས་རང་རྒྱལ་ནི་མི་དམངས་དམངས་གཙོའི་སྲིད་དབང་སྒེར་འཛིན་གྱི་སྤྱི་ཚོགས་རིང་ལུགས་ཀྱི་རྒྱལ་ཁབ་ཅིག་ཡིན་པ་དང་།  ཆེས་གཞི་རྩའི་ཁྱད་ཆོས་ནི་མི་དམངས་ལ་རང་ཁྱིམ་རང་བདག་ཡོད་པ་དེ་རེད།  《སྲིད་གཞུང་གི་ལས་དོན་སྙན་སྒྲོན》ནི་མི་དམངས་ལ་བཞག་པའི་སྒམ་བརླིང་ལྡན་པའི་དམ་བཅའ་ཞིག་ཡིན་ཞིང་།  སྲིད་གཞུང་གི་ལས་དོན་ཡག་པོ་སྒྲུབ་མིན་དེ་སྤྱི་ཚོགས་ལས་རིགས་ཁག་གིས་གདེང་འཇོག་དང་ཞིབ་བཤེར་བྱེད་དགོས་པ་དང་མི་དམངས་མང་ཚོགས་དགའ་པོ་བྱུང་མིན་དང་བློ་ཡིད་ཚིམ་མིན་ལ་ལྟ་དགོས།  བཟོ་ཚོང་ལས་རིགས་ཀྱི་མི་སྣ་ཚོས་ཡུན་རིང་དཔལ་འབྱོར་འཛུགས་སྐྲུན་གྱི་གཡུལ་ས་གཙོ་བོ་དང་འཐབ་ཕྱོགས་དང་པོར་འབད་འཐབ་བྱས་ཏེ་དཔལ་འབྱོར་ལས་དོན་ལ་ཐོབ་པའི་གྲུབ་འབྲས་ཐད་མྱོང་ཚོར་ཟབ་མོ་ཡོད་པ་དང་སྲིད་གཞུང་གི་ལས་དོན་སྔར་བས་ལེགས་གཏོང་དང་རིམ་སྤོར་བྱེད་པའི་ཐད་སྐད་ཆ་ཤོད་དབང་ཡོད།  ཚང་མས་བཏོན་པའི་བསམ་འཆར་དང་གྲོས་འགོར་ལྟ་སྣང་མཐོང་ཚུལ་ཡོད་ལ་གནད་ལ་འཁེལ་བས་སྙན་སྒྲོན་གྱི་ནང་དོན་འཐུས་སྒོ་ཚང་དུ་གཏོང་རྒྱུར་ཕན་ཐོགས་ཆེན་པོ་ཡོད་པ་མ་ཟད།  སྲིད་གཞུང་གི་ལས་དོན་རིམ་སྤོར་བྱེད་པར་ཡང་སྐུལ་འདེད་ནུས་པ་ཆེན་པོ་ལྡན་པ་དེ་ཐོག་ནས་ཚང་མས་སྲིད་གཞུང་གི་ལས་དོན་ལ་སེམས་ཁུར་དང་རྒྱབ་སྐྱོར་བྱེད་པ་གང་ལེགས་མཚོན་ཡོད།  སྙན་སྒྲོན་ཟིན་བྲིས་ཚོགས་ཆུང་གིས་ཞིབ་འཇུག་ནན་ཏན་བྱེད་པ་དང་བཟོ་ཚོང་ལས་རིགས་ཀྱི་མི་སྣའི་བསམ་འཆར་དང་གྲོས་འགོ་གསེད་བཀྲོལ་དང་སྙིང་བསྡུས་ཡག་པོ་བྱས་ཏེ་ཚང་མའི་བསམ་འཆར་ཡག་པོ་དང་གྲོས་འགོ་ཡག་པོ་ཚད་གཞི་མཐོ་ཤོས་ཀྱི་སྒོ་ནས་བསྡུ་ལེན་བྱས་ཐོག  《སྲིད་གཞུང་གི་ལས་དོན་སྙན་སྒྲོན》དེ་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་དེ་བས་འཚམ་པ་དང་།  སྤུས་ཚད་མཐོ་བའི་འཕེལ་རྒྱས་བླང་བྱ་དང་དེ་བས་འཚམ་པ།  ལྗོངས་བབ་ཀྱི་དོན་དངོས་དང་དེ་བས་འཚམ་པ།  བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་གཏོང་རྒྱུར་དེ་བས་ཕན་འདོགས་པ་བཅས་ཡོང་བ་བྱེད་དགོས་ཞེས་བསྟན་གནང་བ་རེད།

རྒྱལ་ཁབ་ཀྱི་རླུང་ཁམས་ཆེ་མོ

བརྙན་མཐོང་།